ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལིའུ་ཅུན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། 

   ཧུའུ་ནན་ཞིང་ཆེན་ལུང་ཧུའེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཟུར་པ་དང་། སྐོར་ཞིབ་པ་རིམ་པ་གཉིས་པ་ལིའུ་ཅུན་གྱིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞི་དེ། ཧུའུ་ནན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུགས་བྱ་རྒྱུར་རྩིས་སྤྲད་པ་རེད། ལྐོག་རྔན་བླངས་པའི་ཉེས་གསོག་དང་འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས། ཉིན་ཤས་གོང་ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལིའུ་ཅུན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་འདི་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད།

ཀུའེ་ཀྲོའུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཝང་ཞའོ་ལིན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། 

ཀུའེ་དབྱང་གསོ་རིག་སློབ་གླིང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་། ཡོན་ཀྲང་གཞོན་པ། ཀུའེ་དབྱང་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཟུར་པ་ཝང་ཞའོ་ལིན་(ཐིང་རིམ་པ་གཞོན་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཀུའེ་ཀྲོའུ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱེད་ཁོངས་དམིགས་འཛུགས་བྱས་ནས་ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུགས་བྱས། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས། ཉིན་ཤས་གོང་ལིའུ་ཕན་ཧྲུའེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཝང་ཞའོ་ལིན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་འདི་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号