མཚོ་ཤར་གྲོང་ཁྱེར་གྱིས་སྐབས་བདུན་པའི་མཚོ་སྔོན་གྱི་དཔྱིད་གསར་ལས་མཚོ་ཤར་གྱི་ལེའུ་ཞེས་པའི་རིག་གནས་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་རྒྱུ་རེད།

ཟླ12པའི་ཚེས19ཉིན། མཚོ་ཤར་གྲོང་ཁྱེར་གྱི“མཚོ་སྔོན་གྱི་དཔྱིད་གསར་ལས་མཚོ་ཤར་གྱི་ལེའུ”ཞེས་པའི་སྐབས་བདུན་པའི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། སྐབས་འདིའི་བྱེད་སྒོ་ཟླ12པ་ནས་མགོ་བཙུགས་ཏེ་སང་ལོའི་ཟླ3པའི་ཟླ་མགོ་བར་རྒྱུན་སྲིང་བྱ་རྒྱུ་ཡིན་ཞིང་། ཡུལ་སྐོར་བས་ཁྱད་ལྡན་ཞིམ་ཟས་མྱོང་རོལ་དང་དམངས་སྲོལ་ཡུལ་སྐོར། གངས་འཁྱག་གི་སྤྲོ་སྣང་མྱོང་རོལ་བཅས་ཀྱི་ཁྲོད་ནས“མཚོ་ཤར་གྱི་དཔྱིད་གསར”མྱོང་རོལ་བྱ་རྒྱུ་རེད། དེས་རྨ་ཙོང་རིག་གནས་སྔར་བས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་དང་རྒྱལ་སྤྱིའི་ཡུལ་སྐོར་སྐྱེ་ཁམས་དམིགས་སའི་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། 

ཤེས་གསལ་ལྟར་ན། སྐབས་འདིའི“མཚོ་སྔོན་གྱི་དཔྱིད་གསར་ལས་མཚོ་ཤར་གྱི་ལེའུ”ཞེས་པའི་རིམ་སྤེལ་བྱེད་སྒོ་དེ་ཟླ12པའི་ཚེས25ཉིན་ཧུའུ་ཀྲུའུ་རུ་ཚོགས་ར་གཙོ་བོ་འཛུགས་རྒྱུཡིན་པ་དང་ལི་ཏུའུ་དང་ཕིན་ཨན། མིན་ཧོ་བཅས་ནས་ཡན་ལག་ཚོགས་ར་བཙུགས་ཏེ། དུས་མཉམ་དུ་མགོ་རྩོམ་རྒྱུ་རེད། གྲོང་ཁྱེར་རིམ་པའི་ངོས་ནས་མགོ་ཚུགས་མཛད་སྒོ་དང་ཆེད་དོན་རིག་རྩལ་འཁྲབ་སྟོན། ཚོན་ཁྲའི་ལྒང་བཞུའི་ཚོགས་འདུ། ལག་རྩལ་སྤོ་ལོ་དང་མདའ་འཕེན། གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན། གངས་འཁྱག་ལྒང་བཞུའི་དུས་ཆེན་སོགས་བྱེད་སྒོ་ཁག12གཙོ་བོར་བཟུང་ནས་སྤེལ་རྒྱུ་ཡིན་ཞིང་། རྫོང་དང་ཆུས་ཀྱི་བྱེད་སྒོས་ལོ་གསར་གྱི་མཁོ་ཆས་དང་། གངས་ཤུད་ལུས་སྦྱོང་། ཧྲེ་ཧོ་འགྲེམས་སྟོན། ཟས་རིགས་རོལ་མྱོང་། དཔྱིད་གསར་དགོངས་ཚོགས།  ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། 

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། རིམ་སྤེལ་བྱེད་སྒོའི་ཁྲོད་ཁྱད་ཆོས་ཆེན་པོ་གསུམ་མངོན་པ་སྟེ། རིག་གནས་ལུས་རྩལ་ཞིང་ལས་ཡུལ་སྐོར་ཚོང་བཅས་ཀྱི་སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། རིག་རྩལ་འཁྲབ་སྟོན་དང་རིག་གནས་ཡུལ་སྐོར་འོས་སྦྱོར། གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན། ཞིང་ལས་ཐོན་རྫས་འགྲེམས་ཚོང་སོགས་སྣ་མང་བྱེད་སྒོ་མཉམ་དུ་སྤེལ་བ། བྱེད་སྒོ་ཚང་མའི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་རྣམ་པ་གསར་བ། ཁྱད་ཆོས་དང་བཀྲག་མདངས་བཅས་འགན་ལེན་བྱས་ནས་སྤུས་རྟགས་དང་ཕན་འབྲས་ལྡན་པར་བྱས། གྲོང་ཁྱེར་དང་རྫོང་། ཤང་དང་གྲོང་ཚོ་བཅས་རིམ་བཞི་མཉམ་འགུལ་བྱས་ནས་དུས་མཉམ་དུ་སྤེལ་མགོ་ཚུགས་པ་དང་། ཐུན་མོང་སྒོས་ཤུགས་བསྣན་ནས་བྱེད་སྒོ་ཆེ་གྲས་ཤུགས་ཆེན་སྤེལ་བ་དང་། བྱེད་སྒོ་ཆུང་གྲས་ཉིན་ལྟར་རྒྱུན་མཐུད་ངང་སྤེལ་བ། མི་མང་པོས་དགའ་བསུ་ཐོབ་བཞིན་པའི་“འབྲུག་བརྒྱ་སེང་སྟོང”དང་། ལོ་གསར་གྱི་མཁོ་ཆས་འདུ་འཛོམས། ཚོན་རིས་རྫ་ཆས། ཚོན་ཁྲའི་ལྒང་བཞུ་འདུ་ཚོགས་སོགས་ཀྱི་བྱེད་སྒོ་དཔྱིད་གསར་དུས་ཆེན་སྐབས་གཅིག་སྡུད་སྒོས་སྤེལ་བ་དང་། བྱེད་སྒོ་ཇུས་འགོད་ཐད་ལོ་ན་མི་འདྲ་བའི་མང་ཚོགས་ཚང་མར་རྩལ་ནུས་ངོམ་པའི་གར་སྟེགས་མཁོ་འདོན་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ནས།  རིག་གནས་བྱེད་སྒོའི་མཉམ་སྤྱོད་རང་བཞིན་གྱི་སྔར་བས་ཆེ་རུ་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号