ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ལ་ཕུལ་བའི་འཚམས་འདྲིའི་འཕྲིན།


ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་དང་ལས་བཟོ་བ་རྣམས་ལ།

གསེར་ལྡན་སྟོན་གྱི་དུས་ཚིགས་ལ་དགེ་རྒན་དུས་ཆེན་སྐབས39པ་གདོང་གིས་བསུ་བའི་དུས་འདིར་ང་ཚོས་ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སློབ་གསོའི་འཐབ་ཕྱོགས་ཐོག་དཀའ་སྤྱད་འབད་འབུངས་བྱེད་མཁན་གྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་དང་ལས་བཟོ་བ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན། རང་ཁུལ་གྱི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་གཏོང་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། ད་ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཚོ་བྱང་ཁུལ་གྱི་སློབ་གསོ་བྱ་བའི་ཚོགས་ཆེན་ཐེངས་དྲུག་པ་ཚོགས་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་པ་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་རྒྱུན་ཆད་མེད་པར་མང་དུ་གཏོང་པ། སློབ་གསོ་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་པ། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཚད་བརྒལ་ཡོང་བ་བཅས་བྱས་པས་སློབ་གསོའི་དམིགས་ཚད་སོ་སོ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་གསོར་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ནས་ཁྲིད་སྟེགས་ཐོག་འབད་འབུངས་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་བཏང་པ་དང་། དུས་རབས་གསར་པའི་མི་དམངས་དགེ་རྒན་གྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པ། མི་དམངས་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་ལ་ངོ་གནོང་མི་དགོས་པ་བཅས་བྱས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་བ་དང་མི་དམངས་མང་ཚོགས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན།

མིག་སྔར། རང་ཁུལ་གྱིས“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པས་སྔར་ལས་ལྷག་པའི་ཤེས་ལྡན་པ་དང་རིག་སྟོབས་ཀྱི་འདེགས་སྐྱོར་དགོས་མཁོ་ཆེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་དེ་ཁྱོན་ཡོངས་ཀྱི་བྱ་བའི་གནས་བབ་གལ་ཆེན་ཐོག་བཞག་ནས་དགེ་རྒན་དང་དགེ་རྒན་ལ་ཕན་པའི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་པ་དང་། དགེ་རྒན་གྱི་གནས་བབ་དང་གསོལ་ཐང་མཐོ་རུ་གཏོང་པ། དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱེད་དགོས་ལ། ཐབས་བརྒྱ་ཇུས་སྟོང་གིས་རྒྱ་ཆེའི་དགེ་རྒན་རྣམས་ལ་བློ་བདེའི་ངང་ནས་སློབ་ཁྲིད་བྱེད་པ་དང་སྤྲོ་སེམས་ཆེན་པོས་སློབ་ཁྲིད་བྱེད་པ། སྐྱིད་སྣང་ངང་ནས་སློབ་ཁྲིད་བྱེད་པ། སེམས་རྣལ་དུ་ཕབ་ནས་སློབ་ཁྲིད་བྱེད་པ་བཅས་ཀྱི་ཆ་རྐྱེན་བཟང་པོ་བསྐྲུན་ཏེ་དགེ་རྒན་རྣམས་སྤྱི་ཚོགས་ཀྱི་བརྩི་འཇོག་དང་ཡིད་སྨོན་བྱེད་སའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་པ་དང་། ཏང་དང་མི་དམངས་ཀྱི་སློབ་གསོའི་བྱ་གཞག་ལ་བློ་དཀར་སེམས་དཀར་བྱེད་པ། སྔར་ལས་རང་རྟོགས་ངང་ཀུན་སྤྱོད་མི་གཞི་སྐྱེད་སྲིང་དང་དཔེ་ཁྲིད་མི་སྐྱོང་གི་དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བ། ཀུན་སྤྱོད་མི་གཞི་སྐྱེད་སྲིང་དང་བྱ་སྤྱོད་ལ་བརྟེན་ནས་མིག་དཔེ་སྟོན་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སྤུས་ཚད་མཐོ་བའི་སློབ་གསོ་ཡག་པོ་གཉེར་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་དབུལ་རྒྱུའི་རེ་བ་ཡོད།

མཇུག་མཐར་ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་དང་ལས་བཟོ་བའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་གཟུགས་པོ་བདེ་ཐང་། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུ།


ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས། 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཧྲིང་ཡོན། 

2023ལོའི་ཟླ9པའི་ཚེས9ཉིན། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号