མཚོ་སྔོན་གྱིས་ཐོག་དང་པོར་ལུས་རྩལ་བའི་སྨན་ཡིག་འབྲི་མཁན་གྱི་དཔྱད་ཞིབ་གསོ་སྦྱོང་འཛིན་གྲྭ་དངོས་སུ་སྒྲུབ་མགོ་བརྩམས།
ཟླ12པའི་ཚེས19ཉིན། མཚོ་སྔོན་གྱིས་ཐོག་དང་པོར་ལུས་རྩལ་བའི་སྨན་ཡིག་འབྲི་མཁན་གྱི་དཔྱད་ཞིབ་གསོ་སྦྱོང་འཛིན་གྲྭ་དངོས་སུ་སྒྲུབ་མགོ་བརྩམས། ཤེས་གསལ་བྱུང་བ་ལྟར་ན། རིགས་འདིའི་གསོ་སྦྱོང་མཚོ་སྔོན་དུ་ཐོག་དང་པོ་ཡིན།
གསོ་སྦྱོང་ལ་དྲ་ཐོག་དང་ཡུལ་དངོས་ཀྱི་རིམ་པ་གཉིས་སུ་བགོས་ཤིང་། དུས་ཡུན་ཉིན11ཡིན་པ་དང་། དེའི་ཁྲོད་དྲ་ཐོག་གསོ་སྦྱོང་དེ་ཟླ12པའི་ཚེས16ཉིན་ནས་བཟུང་མགོ་བརྩམས། གསོ་སྦྱོང་དེ་ཀྲུང་གོའི་ལུས་རྩལ་བའི་སྨན་ཡིག་མཛོད་སྒྲིག་འཛུགས་ལས་ཁུངས་སྟེ། ཀྲུང་གོའི་ལུས་རྩལ་ཚན་རིག་སློབ་ཚོགས་ཀྱིས་འགན་སྒྲུབ་བྱེད་པར་མངགས་བཅོལ་བྱས་ཤིང་། ཀྲུང་གོའི་ཚན་རིག་ལུས་རྩལ་སྦྱོང་བརྡར་རིག་གཞུང་སྣེ་ཁྲིད་པ་ཝང་ཀྲིན་ཀྲིན་སོགས་པེ་ཅིན་ལུས་རྩལ་སློབ་ཆེན་དང་། ཁྲིན་ཏུའུ་ལུས་རྩལ་སློབ་གླིང་། ཞི་ཨན་ལུས་རྩལ་སློབ་གླིང་ལུས་རྩལ་ཁམས་གསོའི་ཁྱབ་ཁོངས་ཀྱི་ཆེད་མཁས་པ15གདན་དྲངས་ནས། ཡུལ་དངོས་གཞུང་ལུགས་སློབ་ཁྲིད་དང་། དཔེ་མཚོན་དབྱེ་ཞིབ། ལས་སྣོན་བཅས་གསུམ་གནས་གཞི་གཅིག་གི་གསོ་སྦྱོང་རྣམ་པ་བརྒྱུད་དེ། གསོ་སྦྱོང་སློབ་མས་ལུས་རྩལ་སྨན་ཡིག་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པར་བྱས་ནས། ལུས་རྩལ་སྨན་ཡིག་སྒྲིག་བཟོའི་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་སུ་བཏང་། ཞིང་ཆེན་དང་གྲོང་ཁྱེར་ལུས་རྩལ་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་སྡེ་ཁག ཚན་ཁག་ཡོངས་ཀྱི་སྨན་པ། ལུས་རྩལ་བདེ་ཐང་སླར་གསོ་བ། དེ་མིན་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པ་སོགས་ཆེད་ལས་མི་སྣ60ལྷག་གསོ་སྦྱོང་ཁྲོད་ཞུགས།
ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བའི་མཚམས་སྦྱོར་བྱས་དོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་སྨན་བཅོས་དང་ལུས་རྩལ་བཀག་རྒྱ་གཏོར་བའི་གསར་གཏོད་ཀྱི་བྱེད་སྟངས་ཤིག་ཡིན་པ་དང་། ལུས་རྩལ་ཁྱབ་ཁོངས་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཆེད་ལས་མི་འདྲ་བའི་རྒྱབ་ལྗོངས་ལ་དམིགས་ནས། བར་ཁྱད་ཅན་གྱི་གསོ་སྦྱོང་སློབ་ཁྲིད་སྒྲིག་བཟོ་བྱས། “ལུས་རྩལ་བའི་སྨན་ཡིག་འབྲི་མཁན”གྱི་ཐོབ་ཐང་གསོ་སྦྱོང་ཐོབ་པའི་སློབ་མས་རང་སྟེང་གི་བྱ་བའི་ཁྱད་ཆོས་དང་ཟུང་འབྲེལ་སྒོས། སྨན་ཁང་དང་གཞིས་ཁུལ། ཁྱིམ་ཚང་། ལུས་སྦྱོང་བྱེད་ས་སོགས་ཚོགས་ར་མང་པོར་བརྟེན་ནས། དམངས་ལ་སྒེར་གཤིས་ཅན་གྱི་ལུས་རྩལ་སྨན་ཡིག་འབྲི་བ་དང་། ཚན་རིག་དང་གནད་ཁེལ་ཅན་གྱི་ལུས་སྦྱོང་དང་ནད་འགོག་བྱེད་ཐབས་མཁོ་འདོན་བྱས་ནས། མཐོ་སྒང་ཁམས་གསོའི་ཞབས་ཞུ་མགོ་བརྩམས་ཏེ། ཟི་ལིང་གི་མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཐད་གསོན་ཤུགས་གསར་བ་བསྣན་པ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注