ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།



   ཟླ10པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས53པ་ཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། བྱ་བའི་སྙན་ཞུར་ཉན་ནས་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་བ་དང་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

   

   ཚོགས་འདུའི་ཐོག ཟླ9པའི་ཚེས27ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། “སྤྱོད་ངན་བཞི”ཡོ་བསྲང་གཏིང་ཟབ་བྱེད་པ། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རུལ་མི་ཕོད་པ་དང་རུལ་མི་ནུས་པ། རུལ་མི་འདོད་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་དག་ཐེར་ཡོ་བསྲང་དོན་འཁྱོལ་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། དག་ཐེར་ཡོ་བསྲང་གི་བྱ་བ་དེ་བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་དག་ཐེར་ཡོ་བསྲང་སོགས་དང་ཟུང་འབྲེལ་དམ་ཚགས་བྱེད་པ། དཔེ་གཅིག་གིས་ཁྱོན་ཡོངས་ཁྲིད་པ། གཞི་གཅིག་དག་ཐེར་ཡོ་བསྲང་བཅས་བྱས་ཏེ། སྐོར་ཞིབ་ཀྱིས་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་དང་སྐོར་ཞིབ་ཀྱིས་འཛུགས་སྐྲུན་ལ་སྐུལ་འདེད། སྐོར་ཞིབ་ཀྱིས་བཅོས་སྐྱོང་ལ་སྐུལ་འདེད་བཅས་ཏན་ཏིག་བྱ་དགོས། ཆབ་སྲིད་སྐོར་ཞིབ་ཀྱི་འགན་ནུས་དང་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས“དམིགས་ས་བཞིའི”ལྟ་སྐུལ་གྱི་གཙོ་གནད་ལ་དམ་པོར་དམིགས་ཏེ་སྤུས་ཚད་མཐོན་པོས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་བཞི་པའི་སྐོར་ཞིབ་བྱ་བའི་ལས་འགན་ལེགས་འགྲུབ་བྱེད་དགོས་པ་ནན་གྱིས་བསྟན།


   ཚོགས་འདུའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དང་ཧྲན་ཏུང་ཙའོ་ཀྲོང་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།  སྲོལ་རྒྱུན་གྱི་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་ལག་རྩལ་སྒྱུར་བཀོད་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་གསར་གཏོད་དང་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཐོན་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་འདེབས་འཛུགས་གསོ་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོབ། ནུས་རྒྱུ་གཙང་མ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཐོན་རྫས། གཟན་རྩྭ་འདེབས་འཛུགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཁྲིམས་སྐྱོང་མཚོ་བྱང་དང་དུས་བདེའི་མཚོ་བྱང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ། མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་བྱ་བ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

   

   ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་མང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་མཚོ་བྱང་གི་ཁྱད་ལྡན་ཐོན་ཁུངས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞིར་བརྟེན་ནས། མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་དང་མཉམ་ལས་བརྗེ་རེས་ཇེ་མགྱོགས་སུ་བཏང་ནས། “ས་གྲོལ”སོགས་མཉམ་ལས་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ་ཕྱོགས་གཉིས་ལ་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་བཟོ་ལས་ཅན་གསར་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་རྒྱུན་འཁྱོངས་ཀྱིས་བཟོ་ལས་གླིང་ཁུལ་བཅུ་སྒྱུར་བཀོད་རིམ་སྤོར་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་གཏོད་རྒྱུར་དམིགས་ནས་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་། འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་ཧུར་ཐག་གཏོད་པ། ཞབས་ཞུའི་ལས་རིགས་ཀྱི་ལག་རྩལ་གསར་པ་དང་ལས་རྣམ་གསར་པ།  རྣམ་པ་གསར་པ་བཅས་གཏོད་དགོས་པ་ནན་གྱིས་བསྟན།


   ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློ་རིག་གནས་དྲིལ་སྒྲོག་ཐད་མཛུབ་སྟོན་གལ་ཆེན་གནང་བ་དེ་ཕུགས་རྒྱང་རིང་ལ་ནང་དོན་གཏིང་ཟབ་པ་ཞིག་ཡིན་པས་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ། རྒྱལ་ཡོངས་ཀྱི་བསམ་བློའི་རིག་གནས་དྲིལ་སྒྲོག་བྱ་བའི་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ཐོག་མར་བཏོན་པ་དང་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་གི་ལམ་རིས་དང་ལས་འགན་ཡི་གེ་གསལ་སྟོན་བྱས་ཏེ་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་སོ་སོའི(ཏང་ཙུའུ)ཏང་ཨུ་དང་དྲིལ་སྒྲོག་སྡེ་ཁག་གིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་དགོས་པ་དང་། གཞུང་དྲང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ཏེ་དུས་རབས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པར་བསྟན།

   ཚོགས་འདུའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པའི་བྱ་བའི་ཐད་གནང་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཕུགས་རྒྱང་རིང་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས་དུས་རབས་གསར་པའི་བགྲོད་ལམ་གསར་པའི་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་ལ། བུད་མེད་ཀྱིས་བྱས་རྗེས་འཇོག་པར་རྒྱབ་སྐྱོར་གང་ཐུབ་བྱེད་པ་དང་། བུད་མེད་འདྲ་མཉམ་ངང་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཚེམ་དྲུབ་དང་བོད་ལྭ། རྡོ་བརྐོས། བཟོ་རྩལ་ཐོན་རྫས་ལས་སྣོན་སོགས་ཀྱི་གསོ་སྦྱོང་དང་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་དགོས་པ་དང་། བུད་མེད་ཁེ་ལས་པ་སྐྱེད་སྲིང་ཧུར་ཐག་བཅས་བྱས་ཏེ་བུད་མེད་རྣམས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་པར་ཆ་རྐྱེན་དང་སྟེགས་བུ་བསྐྲུན་དགོས། བྱིས་པ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་རྟེན་མཛོད་ཁང་། གཞོན་ནུ་ལོ་ཆུང་གསར་བརྗེའི་ཉམས་ཞིབ་སྒར་ས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་གསར་བརྗེའི་རིག་གནས་རང་རྟོགས་ངང་དར་སྤེལ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པ་ནན་གྱིས་བསྟན། 


   ཚོགས་འདུའི་ཐོག ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་འཁུར་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་ནན་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གཏོད་པ། ལག་ལེན་ཏན་ཏིག་བསྟར་བའི་བྱ་ཐབས་ལ་བརྟེན་ནས་གནས་པའི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ་གཙོ་གནད་གནད་དོན་ཐོད་བརྒལ་ཡོང་བ་བྱས་ནས་ཁྱོན་ཡོངས་ཀྱི་བྱ་བ་གོང་མཐོར་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་པ། རྩྭ་ཐང་བཅོས་སྐྱོང་དང་བྱེ་འགོག་བྱེ་བཅོས་ཀྱི་འགུལ་སྐྱོད་སོ་སོར་སྐུལ་འདེད་ཏན་ཏིག་བཏང་སྟེ། རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་འཛུགས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་གདེང་འཇོག་དཔྱད་ཞིབ་དང་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། སྐྱེ་ཁམས་ཁོར་ཡུག་གི་གྱོང་གུན་ཁ་གསབ་དང་འགན་འཁྲི་ཚེ་གང་བདའ་འདེད་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་ཆེད་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱིས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 


   ཚོགས་འདུའི་ཐོག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མདོ་ལ་རྫོང་དང་འཇུ་ལག་རྫོང་དུ་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གྱི་དགོངས་དོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། སྐྱེ་ཁམས་ཡུལ་སྐོར། གྲོང་གསེབ་དར་སྤེལ། གསར་བརྗེའི་ཉམས་ཞིབ་སོགས་ཀྱི་བྱ་བར་བླང་བྱ་བཏོན་ཞིང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས་ང་ཚོས་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་བྱ་བར་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱི་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་དམིགས་ཚད་གཏན་འཁེལ་བྱེད་པ་དང་དངོས་སྒྲུབ་དམ་འཛིན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། ནགས་རྩྭ་དཔོན་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོར་ཤུགས་སྣོན་པ་བཅས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྩ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་གཞི་ཚུགས་ནས་ཡུལ་སྐོར་ལྗོངས་གཟིགས་གནས་དང་ཡུལ་སྐོར་བའི་ཉམས་ལེན་གནས་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱས་ཏེ་དམངས་སྲོལ་གནས་ཚང་དང་མགྲོན་ཁང་སོགས་སྤྲོ་གསེང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་དང་། ཡུལ་སྐོར་ཁྲོམ་ར་རྒྱ་ཆེར་ཧུར་ཐག་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་དང་ཚན་རྩལ་ནུས་པ་སྟོབས་ཆེར་གཏོང་བ། འོད་ཤུགས་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་པ། གླ་པ་སོགས་ཁྱད་ལྡན་གྲོང་གསེབ་ཀྱི་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་ཤུགས་བསྣན་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གསར་བརྗེའི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཅིན་ཀང་རི་བོའི་གསར་བརྗེའི་སློབ་གསོའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བརྗོད་པ། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ནུབ་ལམ་དམག་དཔུང་གི་སྙིང་སྟོབས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཅས་བཀོལ་སྤྱོད་གང་ལེགས་བྱེད་པ། གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱེད་དགོས་པར་བསྟན།

   ཚོགས་འདུའི་ཐོག 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུར་གསན་ལ། “དམིགས་ཚད་འགན་ལེན་དང་ལེགས་འགྲུབ་འགན་ལེན་བྱེད་པ”ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལས་འགན་སྒྲུབ་སེམས་དང་དགོས་གཏུགས་ཀྱི་བསམ་པ། འགན་འཁྲིའི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། “ཡོང་འབབ་གསུམ”ལ་ཚད་མཐོའི་མཐོང་ཆེན་བྱེད་པ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ་བཅས་བྱས་ནས་དུས་ཚིགས་བཞི་པའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་རྒྱུའི་འགན་ལེན་བྱེད་དགོས། སང་ལོའི་དཔལ་འབྱོར་བྱ་བར་ཇུས་འགོད་ཧུར་ཐག་བྱས་ནས“ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན”གྱི་འཕེལ་རྒྱས་ཐབས་ལམ་དང་ཟུང་འབྲེལ་བྱས་ཏེ་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ་དང་ཕུགས་ཀྱི་འཆར་འགོད་ལ་དམིགས་པ། ཧུར་བརྩོན་ཡར་སྐྱེད་ཀྱིས་འབྲེལ་མཐུད་བརྩོན་ལེན་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བཅས་བྱེད་དགོས་པ་ནན་གྱིས་བསྟན།

   ཚོགས་ཐོག་ཏུ་འབྲེལ་ཡོད་བྱ་བའི་སྙན་ཞུར་གསན་པ་དང་། ཁུལ་ཨུས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པའི་མི་དམངས་འཐུས་མིའི་ཚོགས་ཆེན་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལས་བགོས་ཇུས་གཞི་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号