མགྲོན་ཁང་གི་ཁང་པ་རུ་བརྙན་མིག་བཙུགས་ན་མགྲོན་པོའི་ཁེ་དབང་གང་ཞིག་ལ་གནོད་འཚེ་བཏང་ཡོད།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ཀུང་སི་ཞིག་གི་གྱོན་གོས་ཇུས་འགོད་པ་ཡིན་ཞིང་། 2022ལོའི་ཟླ5པར། ང་ཀུང་སིས་བཀོད་སྒྲིག་ལྟར་རྒྱལ་ནང་གི་གྱོན་གོས་ཚོང་རྟགས་གྲགས་ཅན་གྱི་ཤོམ་འགྲོ་འགྲན་སྡུར་ཞིག་ལ་སོང་བ་ཡིན་ཞིང་། ངས་ཤོམ་སྟོན་བྱ་འགུལ་སྤེལ་བའི་གཙོ་སྒྲུབ་ལས་ཁུངས་ཀྱིས་བཀོད་སྒྲིག་ལྟར་དམིགས་བཙུགས་མགྲོན་ཁང་དུ་སོང་ནས་ཞག་སྡོད་འགྲོ་ལུགས་བསྒྲུབས་ཏེ་ཁང་པ་རུ་ཐོན་རྗེས། སྒོ་རྒྱག་གྲབས་བྱེད་སྐབས། སྒོའི་སྟེང་དུ་བརྙན་མིག་ཆུང་ཆུང་ཞིག་ཁང་པའི་ནང་དུ་བསྐོར་ནས་བཙུགས་ཡོད་པ་མཐོང་སྟབས། འཕྲལ་དུ་མགྲོན་ཁང་གི་འགན་འཁུར་མཁན་ལ་འབྲེལ་གཏུག་བྱས་ཏེ་དོན་དག་འདིར་ངེས་པར་གསལ་བཤད་ཅིག་བྱ་དགོས་པའི་རེ་བ་བཏོན་ཙ་ན། དེའི་འགན་འཁུར་མཁན་གྱིས་ཁོས་ཀྱང་སྒོའི་སྟེང་དུ་བརྙན་མིག་ཅིག་འཛུགས་དོན་ཅི་ཡིན་པ་གསལ་པོར་མི་ཤེས་ཟེར། དེ་བས་ངས་ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུ་རྩིས་བྱེད་སྒང་ལ་མགྲོན་ཁང་གི་ལས་བྱེད་མི་སྣས་ང་བཀག་འགོག་བྱས་ནས་བཤད་དོན། ཁྱོད་ཀྱིས་གྱོད་དོན་སྙན་སེང་ཞུས་ན་ངེད་མགྲོན་ཁང་ལ་ཆད་པ་གཅོད་སྲིད་པར་མ་ཟད་མགྲོན་ཁང་གི་མིང་གྲགས་ལའང་གནོད་འགྲོ་ཟེར། དེ་བས་ངས་དོན་དག་འདི་ཤིན་ཏུ་ཚབས་ཆེན་ཞིག་ཡིན་པར་བསམས་ཏེ་མགྲོན་ཁང་གིས་མགྲོན་པོའི་ཁེ་དབང་ལ་སྔ་མོ་ནས་གནོད་འཚེ་བཏང་ཡོད་སྟབས། ངེས་པར་འོས་འཚམས་སྒོས་ཐག་གཅད་དགོས་པར་སྙམ། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་མགྲོན་ཁང་གི་ཁང་པ་རུ་བརྙན་མིག་བཙུགས་ན་མགྲོན་པོའི་ཁེ་དབང་གང་ཞིག་ལ་གནོད་འཚེ་བཏང་ཡོད་དམ།

ཞེས་འབྲུག་འབུམ་གྱིས།

བློ་མཐུན་འབྲུག་འབུམ་ལགས།

མགྲོན་ཁང་གི་ཁང་པ་རུ་བརྙན་མིག་བཙུགས་ན་མགྲོན་པོའི་གསང་དོན་དབང་ཆར་གནོད་འཚེ་བཏང་ཡོད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1032པའི་གཏན་འཁེལ་ལྟར་ན། “སྤྱི་དམངས་ལ་གསང་བའི་དབང་ཆ་ཡོད།རྩ་འཛུགས་གང་ངམ་མི་སྒེར་སུ་ཞིག་གིས་ཀྱང་མྱུལ་ཞིབ་དང་བཙན་རྒོལ། ཕྱིར་བསྒྲགས། ཁྱབ་བསྒྲགས་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་མི་གཞན་གྱི་གསང་དོན་གསང་དབང་ལ་གནོད་འཚེ་བཏང་མི་ཆོག གསང་དོན་ནི་རང་བྱུང་མིའི་སྒེར་གྱི་འཚོ་བ་བདེ་འཇགས་དང་མི་གཞན་ལ་ཤེས་རྟོགས་བྱེད་འདོད་མེད་པའི་སྒེར་གྱི་གསང་བ་དང་སྒེར་གྱི་བྱེད་སྒོ། སྒེར་གྱི་གསང་བའི་ཆ་འཕྲིན་བཅས་ཡིན”ཞེས་བཀོད་ཡོད། རྩ་འཛུགས་གང་ངམ་མི་སྒེར་སུ་ཞིག་གིས་ཀྱང་མྱུལ་ཞིབ་དང་བཙན་རྒོལ། ཕྱིར་བསྒྲགས། ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་གསང་དོན་དབང་ཆར་གནོད་འཚེ་བཏང་མི་ཆོག དུས་མཚུངས་སུ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1033པར་མི་གཞན་གྱི་སྡོད་ཁང་དང་མགྲོན་ཁང་གི་ཁང་པ་སོགས་གསང་བའི་བར་སྟོང་དུ་འཛུལ་བ་དང་པར་ལེན་པ། ལྐོག་ལྟ་བྱེད་པ་ནི་མི་གཞན་གྱི་གསང་བའི་དབང་ཆར་གནོད་འཚེ་གཏོང་བའི་བྱ་སྤྱོད་ཅིག་ཡིན་ཞེས་གཏན་འཁེལ་གསལ་པོ་བྱས་ཡོད།

གོང་གི་གྱོད་དོན་འདིའི་ཁྲོད་དུ། མགྲོན་ཁང་གི་ཁང་པ་ནི་གསང་བའི་བར་སྟོང་དུ་གཏོགས། ཁང་པ་རུ་བརྙན་མིག་བཙུགས་པ་ནི་མགྲོན་ཁང་དུ་སྡོད་མཁན་གྱི་གསང་བའི་དབང་ཆར་གནོད་འཚེ་བཏང་བ་ཡིན། མགྲོན་ཁང་གི་ལས་བྱེད་མི་སྣས་བརྙན་མིག་བཙུགས་ཡོད་པའི་གནས་ཚུལ་ཅི་ཡང་མི་ཤེས་ཞེས་བཤད་ཀྱང་། མི་ཞིག་གིས་ལྐོག་ཏུ་ཁང་པ་རུ་བརྙན་མིག་མི་འཛུགས་པའི་ངེས་པ་གཏན་ནས་མེད་པས། དེའི་མཇུག་འབྲས་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན། དེར་བརྟེན། ཁྱོད་ཀྱིས་དྲན་ཚུལ་ལྟར་མྱུར་དུ་ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུ་དགོས།

ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号