ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས།

ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཐའོ་ཅན་གདན་འདྲེན་ཞུས་ནས། “སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་གཞུང་ལུགས་དང་གསར་གཏོད་ཀྱི་ཉིང་བཅུད་སློབ་སྦྱོང་བྱས་ཏེ་དེར་གོ་བ་ལེན་པ་དང་། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་ཁོང་དུ་ཆུད་པར་བྱེད་པའི་མཚོ་སྔོན་གྱི་ལག་ལེན་བླང་བྱར་དམིགས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན་བཅས་ཚོགས་འདུར་ཞུགས།

ཐའོ་ཅན་གྱིས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་གཞུང་ལུགས་འཕེལ་རྒྱས་སུ་གཏོང་བ”དང་།“བདེ་འཇགས་ཀྱི་རྣམ་པ་གསར་པའི་ཐོག་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་གོ་དོན་དང་ལག་ལེན་ལ་འགན་སྲུང་བྱེད་པ།”“མཚོ་སྔོན་གྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་གཞིགས”བཅས་ཕྱོགས་གསུམ་གྱི་ཐད་ནས་གཏིང་ཟབ་ཅིང་གོ་བདེ་བ། ཕུན་སུམ་ཚོགས་ཤིང་ཞིབ་ཕྲ་ཡིན་པ། གཟབ་ནན་དང་གསལ་པོ་ཡིན་པ་བཅས་ཀྱི་འགྲེལ་བཤད་བྱས་ནས། ཚང་མར་གསོན་ཉམས་ལྡན་པའི་རྒྱལ་སྤྱིའི་བདེ་འཇགས་ཀྱི་འགྲེལ་ཀློག་སློབ་ཁྲིད་ཅིག་བྱས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གཞི་རྩའི་ཆོས་ཉིད་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས། དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་བྱ་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།  བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་།  “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།  “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བར་སྔར་ལས་གཏིང་ཟབ་པའི་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ།  རང་འགུལ་སྒོས་རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས་བྱ་བ་དམ་འཛིན་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དེ་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས།  མཚོ་སྔོན་གྱི་ས་ཁོངས་བརྟན་བརླིང་དུ་གཏོང་ཆེད་ཁྱོན་ཡོངས་ཀྱི་བདེ་འཇགས་ཐད་བྱས་རྗེས་འཇོག་དགོས།  གནད་ལ་འཁེལ་བའི་སྒོ་ནས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་གི་ཚད་མཐའ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་བདེ་འཇགས་འཕེལ་རྒྱས་ཀྱི་དམར་ཐིག  སྤྱི་ཚོགས་བཅོས་སྐྱོང་དང་དྲང་གཞག་དྲང་བདེན་གྱི་མཐོ་ཐིག་བཅས་བརྟན་སྲུང་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་ཁ་འགོག་པ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བདེ་འཇགས་རྨང་གཞི་དངོས་གནས་སྲ་བརྟན་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་ཁག་ཐེག་བྱ་དགོས། ཉེན་ཁ་སྔོན་འགོག་འདུམ་འགྲིག་བྱེད་པ་དང་སྤྱི་པའི་བདེ་འཇགས་དང་སྤྱི་ཚོགས་བཅོས་སྐྱོང་། བདེ་འཇགས་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་བཅས་འཐུས་ཚང་དུ་གཏོང་དགོས་པ་དང་། འགལ་བ་དང་ཉེན་ཁ་བྱུང་མ་ཐག་ནས་སེལ་ཏེ། སྤྱི་པའི་བདེ་འཇགས་ཀྱི་བཅོས་སྐྱོང་ཆུ་ཚད་ཆེ་རུ་བཏང་ནས། རང་འགན་གཙང་སྒྲུབ་དང་ནུས་ཤུགས་གཅིག་སྒྲིལ་གྱི་མཉམ་ལས་ཀྱི་བྱ་བའི་རྣམ་པ་ཆགས་སུ་འཇུག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་བཟང་ཕྱོགས་སུ་མཉམ་འགུལ་བྱ་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་དོ་དམ་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་བཅས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号