མཚོ་སྔོན་ཞིང་ཆེན་གྱིས་ལྕགས་ལམ་དང་གནམ་ཐང་གི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།
ཟླ4པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར། མ་འཇོག་བརྟན་གཏོང་དང་མ་འཇོག་འཕར་བར་སྐུལ་འདེད་ཐུབ་པའི་གཙོ་གནད་རྣམ་གྲངས་ཀྱི་འདེགས་སྐྱོར་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་སྲིད་གཞུང་གི་དུས་ཚིགས་དང་པོར“འགོ་ཡག་པོ་འཛུགས་དགོས་པའི”བཀོད་སྒྲིག་བླང་བྱ་གཞིར་བཟུང་འབྲེལ་ཡོད་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་དང་མཉམ་དུ་རྣམ་གྲངས་ལ་དམ་འཛིན་བྱེད་པ་དང་། མ་འཇོག་ལ་སྐུལ་འདེད་གཏོང་བ། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་འགག་སྒྲོལ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་དང་གནམ་ཐང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།
མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་དང་གནམ་ཐང་གི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ནས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་ཚུགས་ཀྱི་ཇུས་གཞི་བཟོ་རྒྱུ་སྒྲིག་འཛུགས་དང་བཀོད་སྒྲིག་བྱེད་པ་དང་། རྣམ་གྲངས་ཁག་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་ཚུགས་ཀྱི་དུས་ཚོད་ཁ་གསལ་བཟོ་བ། ལས་གྲྭའི་འཛུགས་སྐྲུན་དོ་དམ་གྱི་མ་ལག་འཆར་འགོད་དང་ཞིབ་ཕྲའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད། ས་གནས་སྲིད་གཞུང་དང་ལས་རིགས་དོ་དམ་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ལས་འགོ་བསྐྱར་ཚུགས་ཀྱི་འགྲོ་ལུགས་མགྱོགས་མྱུར་གཉེར་བ་དང་། རྒྱུ་རྐྱེན་གཙོ་བོ་ཁག་གི་འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། ཟི་ལིང་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭ་དང་། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ། གོར་མོ་ནས་ཤིན་ཅང་ཁུར་ལེ་གྲོང་ཁྱེར་བར་གྱི་ལྕགས་ལམ་གྱི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ་སོགས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་ཟླ་3པའི་ཟླ་འགོར་ཚང་མ་ལས་འགོ་བསྐྱར་ཚུགས་ཐུབ་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注