2025ལོའི་འོས་འགན་སྡོང་འཛུགས(རྩྭ་འདེབས)བྱ་འགུལ་སྤེལ།

ཟླ4པའི་ཚེས10ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་མགོ་ཁྲིད་རྣམས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཡོན་པའོ་ཙི་བརླན་སའི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོབ་ལས་གཞིའི་རྣམ་གྲངས་ཡུལ་དངོས་སུ་ཕེབས་ཏེ། ལས་བྱེད་པ་དང་མང་ཚོགས་རྣམས་དང་མཉམ་དུ2025ལོའི་འོས་འགན་སྡོང་འཛུགས(རྩྭ་འདེབས)ཀྱི་བྱ་འགུལ་ལ་ཞུགས།

མིག་སྔར་དཔྱིད་དཔལ་རབ་ཏུ་བཞད་ཤིང་། སྡོང་འཛུགས་གི་དུས་བཟང་ལ་འཁེལ་ཡོད། ནན་ཁྲོན་ཆུ་བོའི་འགྲམ་རྒྱུད་ཀྱི་སྡོང་འཛུགས་ས་ཚིགས་སུ། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་སོགས་ཞིང་ཆེན་གྱི་མགོ་ཁྲིད་ཀྱིས་ལས་བྱེད་པ་དང་མང་ཚོགས300ལྷག་མཉམ་དུ་ས་དོང་རྐོ་བ་དང་། ས་སྣོན་རྒྱག་པ། ཆུ་འདྲེན་པ་བཅས་བྱས་ཏེ། སྒྲོན་ཤིང་དང་། ཐན་ལྕང་། ཧའེ་ཐང་། སྐྱུ་ར། ལི་ཤི་སོགས་སྡོང་ཕྲུག་སྟོང་ལྷག་བཙུགས་པ་དང་། སྔ་མོ་ནས་བཙས་པའི་སྙེ་མ་དང་། རྩྭ་ནག་སོགས་ཀྱི་རྩྭ་སོན་བཏབ་པས། ཆུ་འགྲམ་དུ་གསོན་ཤུགས་ཀྱི་སྐྱེ་སྟོབས་གསར་བ་བསྣན། ཝུའུ་ཞའོ་ཅུན་གྱིས་ཡོན་པའོ་ཙི་སྐྱེ་ཁམས་སླར་གསོའི་ལས་གཞིའི་གནས་ཚུལ་ཀྱི་ངོ་སྤྲོད་ལ་གསན་རྗེས་ནན་གྱིས་བསྟད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། ནན་ཁྲོན་ཆུ་བོ་དང་། པེ་ཁྲོན་ཆུ་བོ། ཙོང་ཆུའི་འགྲམ་རྒྱུད་ཀྱི་སྔོ་ལྗང་ཅན་གྱི་སྤུས་ཚད་དང་ལྟ་སྐོར་གྱི་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། ཡུལ་སྐོར་བའི་ངལ་གསོའི་སྒྲིག་བཀོད་དང་གྲོང་ཁྱེར་གྱི་དལ་བགྲོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་དང་། བཟའ་བཏུང་། རིག་གནས་གསར་གཏོད་སོགས་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན་ཏེ། མི་དམངས་མང་ཚོགས་ལ་ལྗང་མདོག་གི་བདེ་སྐྱིད་སྔར་ལས་མང་བ་ལོངས་སུ་སྤྱོད་དུ་འཇུག་དགོས།

ཐེངས་འདིའི་སྡོང་འཛུགས་བྱ་འགུལ་ལས་ཞིང་ཆེན་ཡོངས་ཀྱིས"ངས་བྱང་གསུམ་གྱི་ཆེད་དུ་སྡོང་བོ་འཛུགས་པའི"བྱ་འགུལ་སྤེལ་བར་འབོད་སྐུལ་བཏང་བ་དང་། སྤྱི་ཚོགས་ལས་རིགས་སོ་སོ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཡུལ་དངོས་ཀྱི་འོས་འགན་སྡོང་འཛུགས་དང་། དྲ་ཐོག་གི་མ་དངུལ་དང་དངོས་པོ་ཞལ་འདེབས་སུ་འབུལ་བ། འདེབས་གསོ་ཁས་ལེན་སོགས་ཀྱི་རྣམ་པ་བརྒྱུད་དེ། སྤྱི་ཚོགས་མཉམ་དུ་ཞུགས་པར་ཤུགས་སྣོན་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རིམ་པ་སོ་སོའི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་བ་དང་། མི་ཚང་མ་ཞུགས་པ་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་ཏེ། མཉམ་དུ"བྱང་གསུམ"གྱི་བཟོ་སྐྲུན་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་རྒྱུ་རེད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号