ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཆེད་དོན་ཀློག་འགྲེལ(རྒྱ་སྐྱེད)ཚོགས་འདུ་འཚོགས།
ཟླ4པའི་ཚེས10ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི(རྒྱ་སྐྱེད)ཚོགས་འདུ་འཚོགས་ལ། ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔལ་འབྱོར་རིག་པ་ཚན་ཁག་གི་ཀྲུའུ་རིན་གཞོན་པའམ་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཚའོ་ལི་གདན་ཞུ་བྱས་ནས“འགག་སྒྲོལ་དཀའ་སེལ་ཁྲོད་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་འགན་ལེན་བྱེད་པའི”བརྗོད་དོན་ལ་དམིགས་ནས2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཀློག་འགྲེལ་བྱས། ཁུལ་ཨུའི་ལྟེ་བའི་ཚན་ཆུང་གི་ཁོངས་མི་སོ་སོ་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མང་ཚོགས་ཚོགས་པ་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་སྡེ་ཁག་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ཆེད་དོན་ཀློག་འགྲེལ་ལ་ཉན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག ཚའོ་ལི་ཡིས“འཕེལ་ཕྱོགས་ཆེན་པོར་བལྟས་ན་ཡུན་རིང་ཇེ་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པ་དང་། ཁྱོན་ཡོངས་ཀྱི་འཆར་འགོད་ལ་སྔར་ལས་ཕན་ནུས་ལྡན་པའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཡོད་པ། བྱ་བ་དངོས་སྒྲུབ་ལ་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ”བཅས་ཕྱོགས་གསུམ་གྱི་ཐད་ནས། 2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་། ལྷག་པར་སྲིད་གཞུང་བྱ་བའི་སྙན་ཞུར་གཏིང་ཟབ་ཅིང་སྟབས་བདེ་བའི་སྒོ་ནས་ཀློག་འགྲེལ་བྱས་པར་མ་ཟད། ད་དུང་ལག་ལེན་གྱི་དཔེ་མཚོན་མང་པོ་ཞིག་བཞག་ཅིང་། གནས་བབ་མཐོ་ཞིང་མཐོང་རྒྱ་ཆེ་ལ། ཐབས་ལམ་གསལ་པོ་ཡིན་པས། མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་བློ་སྒོ་འབྱེད་པའི་ནུས་པ་དང་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུའི་གཙོ་གནད་བྱ་བར་དམིགས་ནས། རིམ་པ་སོ་སོའི་བཀོད་སྒྲིག་དམ་འཛིན་བྱེད་པ་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཉིན་རེར་གཙོ་གནད་ལ་དམིགས་པ་དང་གཟའ་འཁོར་རེར་འཕེལ་རིམ་ལ་ལྟ་སྐུལ་བྱེད་པ། ཉིན་བཅུ་རེར་ཕན་འབྲས་ཐོན་པར་བྱེད་པ། ཟླ་རེར་རྩིས་བཤེར་བཅས་བྱས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་བྱ་བའི་བྱེད་ཐབས་སུ་བསྒྱུར་ནས་ལོ་འཁོར་མོའི་དཔལ་འབྱོར་དམིགས་ཚད་ལེགས་འགྲུབ་བྱེད་དགོས་ལ། “གནད་འཁེལ་ཚོང་འགུགས”ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་ལས་གཞི་གལ་ཆེན་གྱི་འཆར་འགོད་ལ་དམིགས་པ་དང་སྲིད་ཇུས་ལ་དམ་པོར་དོ་སྣང་བྱས་ནས་ལས་གཞི་གསོག་འཇོག་ཡག་པོ་བྱས་ཏེ“ལྔ་བཅོ་ལྔའི”འཆར་འགོད་ལ“འབིགས་བརྟོལ་རྣམ་པའི”བརྟག་ཞིབ་ལེགས་པོ་བྱེད་དགོས། ཁུལ་ཡོངས་ཀྱི་ལས་བྱེད་པས་འགན་འཁྲིའི་ལས་འགན་དང་བྱ་བའི་བླང་བྱ་ཡིད་ལ་བརྟན་པོར་བཅངས་ཏེ། འབད་བརྩོན་ལྷོད་མེད་བྱེད་པའི་འདུ་ཤེས་བཙུགས་ནས་འགག་རྩའི་ལས་འགན་གྱི་མདུན་དུ་མདུན་ཕྱོགས་སུ་བསྐྱོད་དེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པའི་བླང་བྱ་བཏོན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注