མཚོ་བྱང་ཁུལ་གྱི་མང་ཚོགས་ཚོགས་པའི་བྱ་བའི་བརྟག་ཞིབ་ཚན་ཆུང་གིས་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ་སོང་ནས་བརྟག་ཞིབ་གནང་པ།
ཟླ4པའི་ཚེས9ཉིན། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཐའོ་ཡིས་སྣེ་ཁྲིད་དེ་སྔ་རྗེས་སུ་ཁུལ་ཐད་གཏོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་ཁུངས་དང་དེ་བཞིན་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ་སོང་ནས་ཡུལ་དངོས་སུ་ལྟ་ཞིབ་དང་སྙན་ཞུར་ཉན་པ། བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱ་ཐབས་བརྒྱུད་ལས་ཁུངས་སོ་སོའི་གཞི་རྩའི་གནས་ཚུལ་དང་ལས་སྒོའི་བྱ་བ་སྤེལ་བའི་གནས་ཚུལ། དེ་བཞིན་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་བྱ་བའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་གོམ་སྟབས་རྗེས་མའི་བྱ་བའི་ཐད་བླང་བྱ་ཞིབ་ཕྲ་བཏོན།
ཀྲང་ཐའོ་ཡིས་མང་ཚོགས་ཚོགས་པའི་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བཟུང་སྟེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ནས་མང་ཚོགས་ཚོགས་པའི་བྱ་བའི་ཁ་ཕྱོགས་ཡང་དག་ཡོང་བར་འགན་ལེན་བྱེད་དགོས་པ་སྟེ། འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་བ་དང་། རང་འཁྲིའི་བྱ་བ་དང་མང་ཚོགས་ཚོགས་པའི་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་ལས་འགན་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། གསོ་སྐྱོང་རྩ་འཛུགས་དང་སློབ་མ་དོ་དམ། དྲིལ་སྒྲོག་ཁྱབ་སྤེལ། རྒྱབ་ཕྱོགས་ཞབས་ཞུའི་འགན་སྲུང་སོགས་ཀྱི་བྱ་བ་ཞིབ་ཕྲ་བཟོས་ནས་གཅིག་བསྡུས་སྟོབས་ཤུགས་ཆགས་པར་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་ཞན་ཆར་ཁ་གཏད་གཅོག་པ། ལག་ལེན་དང་ཟུང་འབྲེལ་བྱས་ཏེ་བྱ་བའི་ལམ་སྲོལ་སྔར་ལས་ཇེ་ལེགས་སུ་བཏང་ནས་ལམ་ལུགས་ལ་བརྟེན་ནས་འགན་འཁྲི་སྒྲུབ་པའི་ཕན་ནུས་ཆེ་རུ་གཏོང་དགོས། རྟེན་གཞིའི་གསོ་སྦྱོང་ཉམས་ཞིབ་ཚད་ཡོད་སྤྱི་གཉེར་ཁང་གིས་དགེ་རྒན་དང་སློབ་མའི་འཐུས་མི་དང་དེ་བཞིན་སྣེ་ཁྲིད་འཛིན་གྲྭའི་འགན་འཁུར་བའི་བསམ་འཆར་ཉན་རྒྱུར་སྣང་ཆེན་བྱས་ཏེ་འགྲེལ་བཤད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་། གསར་བརྗེའི་སློབ་གསོ་བརྒྱུད་གཉིས་གཉིས་གཅིག་གི་ལས་བཟོ་བ་ཡོངས་ཀྱི་དཀའ་སྤྱད་ལས་སྐྲུན་གྱི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱེད་དགོས་པའི་རེ་བ་བཏོན། མང་ཚོགས་ཚོགས་པའི་སྡེ་ཁག་དང་གསོ་སྦྱོང་ལྟེ་གནས་སོ་སོས་སྔར་རྒྱུན་བཞིན"མི་ཚོགས་གཅིག་དང་། བྱ་བ་གཅིག སེམས་པ་གཅིག མཉམ་དུ་འབད་པའི"བྱ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་སེམས་རྣལ་དུ་ཕབ་པ་དང་བརྩེ་བ་ཟབ་མོར་བརྟེན་ནས་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས"མཚོ་བྱང་ལྔ"འཛུགས་སྐྲུན་བྱ་ཆེད་མང་ཚོགས་ཚོགས་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注