ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་མདོ་ལ་རྫོང་དུ་བརྟག་ཞིབ་གནང་སྐབས་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བརྗོད་དེ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་དགོས་པ་ནན་གྱིས་བསྟན།

ཟླ4པའི་ཚེས8ཉིན་ནས་ཚེས9ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་གསར་བརྗེའི་ཉམས་ཞིབ་དང་སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་སྲུང་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས་མདོ་ལ་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གཏིང་ཟབ་གནང་། 

མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭའི་གནས་ཡུལ་གསར་པ་དང་མདོ་ལ་གནམ་གྲུ་ཐང་དུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཀན་སུའུ་ཀའོ་ཐའེ་རྫོང་ལས་བྱེད་སློབ་གླིང་གི་དོ་དམ་འཁོར་སྐྱོད་ཀྱི་བྱེད་སྟངས་དཔྱད་གཞིར་བཟུང་སྟེ་ཏང་གི་སློབ་གྲྭའི་སློབ་ཁུལ་གསར་པར་མི260ལྷག་ཙམ་གྱི་ཐེག་ཚད་གཞི་ཁྱོན་དང་ས་ཞིང་མུའུ75བེད་སྤྱོད་གང་ལེགས་བྱས་ཏེ་ཁུལ་དབྱེ་བེད་སྤྱོད་བྱ་རྒྱུའི་འཆར་འགོད་ལུགས་མཐུན་བྱེད་དགོས་པ་དང་། གྲོན་ཆུང་དང་སྤྱོད་གོ་ཆོད་པའི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ད་ཡོད་ཀྱི་རྒྱུ་ནོར་གསོན་སྒྱུར་བེད་སྤྱོད་བྱས་ཏེ་གཏེར་ལྔ་རྒྱལ་ཚོང་གསོལ་མགྲོན་ཁང་སོགས་ཀྱི་སྒྲིག་བཀོད་ཟུང་འབྲེལ་བྱས་པ་བརྒྱུད་གསར་བརྗེའི་ཉམས་ཞིབ་དང་རང་བྱུང་སློབ་གསོ་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་སྟེགས་བུ་བསྐྲུན་དགོས། མདོ་ལ་རྫོང་ནུབ་ལམ་དམག་དཔུང་དང་བཅིངས་འགྲོལ་དམག་གི་དམག་སྡེ་གཉིས་པའི་དྲན་གསོ་གླིང་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་མོའི་ལྟེ་གནས་ལ་བརྟེན་ནས་མཉམ་སྤྱོད་གཡུལ་ས་བེད་སྤྱོད་ཡག་པོ་བྱས་ཏེ་སྟག་སྣ་དགོན་པའི་རྒྱལ་ཁ་ཆེན་མོ་སོགས་ནུབ་ལམ་དམག་དཔུང་གི་དཔའ་ངར་ཞུམ་མེད་ཀྱི་བྱས་རྗེས་བརྗོད་དགོས་པ་དང་རོགས་སྐྲུན་བྱེད་མཁན་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་དང་གཏེར་ལྔ་སྡེ་ཚོགས། དེ་བཞིན་ཞིང་ཆེན་ཕྱི་ནང་གི་ལས་ཁུངས་གདན་དྲངས་ནས་གསོ་སྦྱོང་སྤེལ་དགོས། "གསར་བརྗེའི་ཉམས་ཞིབ+སྐྱེ་ཁམས་སློབ་གསོ+དམངས་སྤྱོད་མཁའ་འགྲུལ"བཅས་མཉམ་འདྲེས་ཡོང་བར་འཚོལ་ཞིབ་བྱས་ཏེ། གཟའ་ཟླ་བ་དང་ལྷག་པ། པ་སངས་བཅས་ཀྱི་གསར་བརྗེའི་ཉམས་ཞིབ་ཀྱི་གནམ་གྲུ་འཕུར་ཐེངས་གསར་འབྱེད་བྱས་ཏེ་བར་སྣང་གི་ཏང་གི་སློབ་ཁྲིད་ཆུང་གྲས་སྤེལ་ནས་སློབ་མ་རྣམས་ལ་དབྱིངས་ཞུགས་རྣམ་པའི་ཉམས་ལེན་གྱི་ཡུལ་སྐོར་མགོ་རྩོམ་དུ་འཇུག་དགོས་ཟེར། 


 མཁར་དམར་གྲོང་རྡལ་གྱི་གནའ་མཁར་གྱི་གནའ་ཤུལ་དང་། ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞི། བཙུན་མོ་དམར་ཡག་མ་ལྗོངས་ཁུལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྐྱོབ་སྲུང་གསོ་སྤེལ་ལྟེ་གནས་བཅས་སུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་བསྟན་དོན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་བྱང་ས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། སྐྱོབ་སྲུང་གསོ་སྤེལ་ལྟེ་གནས་ཀྱིས་སྐྱོབ་རོགས་བྱས་པའི་གསའ་དང་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་སྐྱེ་དངོས་རིགས་ནི་རང་བྱུང་སྲུང་སྐྱོབ་དང་ཚན་རིག་ཁྱབ་གདལ་སློབ་གསོའི་གསོན་ཉམས་དོད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད། མདོ་ལ་རྫོང་གིས་བྱ་རྒོད་རི་དང་ལབ་ཙེ་སྒང་སོགས་ལྗོངས་ཁུལ་གསར་པ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། 2024ལོར་ཡུལ་སྐོར་བ་མི་ཐེངས་ཁྲི220སྣེ་ལེན་བྱས་པར་ཡོང་འབབ་སྒོར་དུང་ཕྱུར14.5བྱུང་བ་དང་། དེ་དུས་མཚུངས་ལས14.9%དང21.2%སོ་སོར་འཕར་ཡོད་ཟེར་ཞོར་ནན་གྱིས་བསྟན་དོན།  "ཞིང་ཆེན་ཕྱི་བརྒལ་བའི་བགྲོད་ལམ་ལྔ"ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་ལག་བསྟར་བྱས་ཏེ་མཁར་དམར་བརྒྱུད་པའི་ཡུལ་སྐོར་བ་མདོ་ལ་རྫོང་དུ་འགུགས་འདྲེན་བྱེད་པ་དང་། མདོ་ལ་ནགས་རའི་ཐོན་ཁུངས་ལ་བརྟེན་ནས་མཐོ་སྒང་ནགས་ཚལ་ཁམས་གསོའི་ཐོན་ལས་སྤེལ་དགོས། "ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས"བཅས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ནས་མཁར་དམར་གནའ་མཁར་གྱི་མཁར་དང་གནའ་ཤུལ་གསོན་སྒྱུར་བེད་སྤྱོད་གང་ལེགས་བྱས་ཏེ་དངོས་ལྗོངས་འཁྲབ་སྟོན་དང་རྟ་རྒྱུག་མདའ་འཕེན་རྐང་བགྲོད་སོགས་ཀྱི་བྱེད་སྒོ་ཞིབ་ཚགས་སྤེལ་ནས་ཡུལ་སྐོར་བར་མདོ་ལའི་རྩྭ་ཐང་ཆེན་པོའི་ཡིད་དབང་འཕྲོག་པའི་མཛེས་པ་ཚོར་ཐུབ་པར་བྱེད་དགོས་ཟེར། 


མདོ་ལའི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་གླིང་དང་ཆན་ཧུའུ་ཕྱུགས་ལས་སྤྱི་གཉེར་ཁང་། ཁེ་ལས་ཆུང་གྲས་ཐོན་ལས་གླིང་བཅས་སུ་བརྟག་ཞིབ་གནང་སྐབས་བསྟན་དོན། མདོ་ལ་རྫོང་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་ཕྱིན་པ་དང་། འབུམ་རམས་པའི་ཚོགས་པའི་ཚན་ཞིབ་སྟོབས་ཤུགས་ལ་བརྟེན་ནས་མདོ་ལའི་ནོར་གནག་དང་བོད་ལུག་མགོ་རིལ་གྱི་རྒྱུད་བཟང་གསོ་སྤེལ་སོགས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། མདོ་ལའི་བོད་ལུག་དང་མདོ་ལའི་ནོར་གནག་གཉིས་རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་གྱི་ཞིང་ལས་ཐོན་རྫས་ཀྱི་མིང་ཐོའི་ནང་ཚུད་ཡོད། "ས་གྲོལ་ཕྱུགས་འཚོ"དེས་རོང་འབྲོག་པར་ཡོང་སྒོ་འཕར་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་ཟེར་ཞོར་ནན་གྱིས་བསྟན་དོན། ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་ཚན་ཞིབ་ཁང་ལ་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས་བོད་ལུག་དང་ནོར་གནག ཤ་མོ་སེར་བོ། ཤྭ་རྭ། གླ་རྩི་སོགས་ཁྱད་ལྡན་ཐོན་རྫས་གསར་སྤེལ་གཏིང་ཟབ་བྱས་ཏེ"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོའི"ཆས་རྟགས་རྒྱ་ཇེ་ཆེ་དང་སྟོབས་ཇེ་ལྡན་དུ་བཏང་ནས་ཞིང་འབྲེལ་ཞིང་ཁྲིད་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

མདོ་ལ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་ཕྱོགས་བསྡུས་རིག་ནུས་བཀོད་གཏོང་ལྟེ་གནས། མི་རིགས་སློབ་འབྲིང་སོགས་སུ་བརྟག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཡན་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ། "སོ་ལྟ་ཁྲི་སྟོང"གི་ཉམས་མྱོང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན་དང་ཀྲུང་ཀྲི་ཅུན། སངས་འབུམ། ཚོ་ཅི་ཆང་བཅས་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདོ་ལ་རྫོང་གི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་ཞུགས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号