ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་འཇུ་ལག་རྫོང་དུ་བརྟག་ཞིབ་གནང་སྐབས་མཐོ་སྒང་ནགས་ཚལ་ཁམས་གསོ་ཐོན་ལས་གཏོད་དགོས་པ་ནན་གྱིས་བསྟན།

ཟླ4པའི་ཚེས7ཉིན་ནས་ཚེས8ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ནགས་ཚལ་ཁམས་གསོ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བའི(སྡེ་ཁུལ)"བཅུ་ལྡན"བཟོ་སྐྲུན་འཛུགས་སྐྲུན་དང"123"Aརིམ་པའི་ལྗོངས་ཁུལ་གཏོད་པ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་འཛུགས་སྐྲུན་སོགས་གཙོ་གནད་བྱ་བར་དམིགས་ནས་འཇུ་ལག་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།

ཤ་བོ་སྐྱབས་འཁོར་དང་བཅས་པས་འཇུ་ལག་རྫོང་གི་ཞིང་ཆེན་རིམ་པའི་དེང་རབས་ཐོན་ལས་གླིང་ཁུལ་གྱི་མཚོ་སྔོན་ཁྲིན་ཁུན་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་དབྱང་ཁྲོན་སྦི་རག་ཚད་ཡོད་སྤྱི་གཉེར་ཁང་། ཆན་ཀྲི་སྐྱེ་དངོས་ཚན་རྩལ་སྤྱི་གཉེར་ཁང་། མེ་སུའུ་ཚན་རྩལ་བཟོ་སྐྲུན་སྤྱི་གཉེར་ཁང་། དེ་བཞིན་ཧུའེ་ཡོན་ས་བོན་སྤྱི་གཉེར་ཁང་དང་ཧུའེ་ཐུང་ཞང་པའོ་དམིགས་བསལ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་། འཇུ་ལག་སྤུས་ལེགས་ཐོན་རྫས་ཁང་བཅས་སུ་ཁེ་ལས་ཀྱི་འགན་འཁུར་བ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ། ཡུལ་དངོས་ནས་ཁེ་ལས་ཀྱི་སྐམས་ལུག་ཤ་ལས་སྣོན་ཞིབ་ཚགས་དང་ནས་ཀྱི་སྦི་རག་བསྙལ་བཟོ། སྒར་རྒྱག་མགྲོན་བྲང་སྐྲུན་པ། དབྱར་རྩྭ་དགུན་འབུ་གསོ་སྐྱོང་། གླ་བ་གསོ་སྤེལ།  དེ་བཞིན་ནས་དང་ལོག་དཀར་ས་བོན་གསོ་སྤེལ་བྲིན་ཚོང་སོགས་ཀྱི་ཐོན་སྐྱེད་སྒྲུབ་རིམ་ལ་གཟིགས་ཞིབ་གནང་ནས་བསྟན་དོན། འཇུ་ལག་རྫོང་གི་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ་དང་ཞིང་ཕྱུགས་ལས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བཟང་བར་མ་ཟད་མདུན་ལམ་ཆེན་པོ་ལྡན་པས། ནས་ཀྱི་ཧུབ་སྐམ་དང་ནོར་ཚིལ་རྒྱ་ཁོག་རུ་རྟ། སྐམས་ཤའི་ཤ་སྐམ། མེ་ལྷ་གངས་དཀར་འཁྱགས་རོམ་འཐུང་ཆུ། སྦྲང་རྩིའི་སྐོམ་ཆུ། ཤ་མོ་བསྙལ་མ། སྟར་ཁུའི་སིལ་ཁུ་སོགས་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་གསར་གཏོད་བྱས་ནས་འཇུ་ལག་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་རྒྱུན་ཆད་མེད་པར་བསྐྱོད་དེ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད་ཟེར་ཞོར་ནན་གྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་རྒྱུན་མཐུད་ངང་གཏོད་པའི་འཕེལ་རིམ་ནང་ཧྲན་ཏུང་ཞིང་ཆེན་ཝུའེ་ཧའེ་གྲོང་ཁྱེར་དང་ཀྲུང་གོ་འབྲུ་རིགས་སྡེ་ཚོགས་དང་བརྗེ་རེས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་ཁེ་ལས་གླིང་ཁུལ་དུ་བཅའ་སྡོད་བྱེད་རྒྱུའི་ཡིད་དབང་འགུག་པ་དང་། ཆེད་ལས་སྤུས་ལེགས་དང་ཆེས་གསར་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ། ཐོན་ལས་ཀྱི་རྒྱུན་བསྲིང་སྦྲེལ་ཐག་གསབ་སྣོན་ལ་སྐུལ་འདེད་གཏོང་དགོས།  "ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས"མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས"རབ་མཛེས་མཚོ་སྔོན·མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་དང་ལོག་དཀར་མེ་ཏོག་རིག་གནས་ཡུལ་སྐོར་ཕྲེང་བསྟར་བྱེད་སྒོ། ལམ་འགྲམ་མཁོ་ཚོང་དང་དེ་བཞིན་དྲ་ཐོག་ཐད་གཏོང་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་གྲགས་ཅན་དང་དམིགས་བསལ་གྱི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཤུགས་ཆེན་བྱས་ཏེ། རོང་འབྲོག་པའི་ཡོང་འབབ་ཇེ་མང་དུ་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཟེར།

ཤ་བོ་སྐྱབས་འཁོར་དང་བཅས་པས་མདོ་ལ་རི་བོའི་མེ་ལྷ་གངས་དཀར་དང་སེམས་ཉིད་ནགས་ར།  ཀྱུ་ཡངས་འགག་ལྗོངས་ཁུལ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་སོགས་སུ་དུས་མགོའི་སྒྲུབ་སྐུལ་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྗོངས་ཁུལ་གཉེར་སྐྱོང་། ཞབས་ཞུ་འགན་སྲུང་བཅས་ཀྱི་བྱ་བར་རྒྱུས་ལོན་གནང་སྟེ་བསྟན་དོན། “མེ་ལྷ་གངས་དཀར——མི་ཚེའི་གངས་རི་དང་པོའི”སྙན་པ་ཆེ་རུ་བཏང་སྟེ། ན་ནིང་དགུན་མགོ་ཚུགས་ཚུན་ཡུལ་སྐོར་བ་མི་ཐེངས་ཁྲི20.68སྣེ་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་དགུན་དུས་ཡུལ་སྐོར་གྱི་མེ་མདའ་དང་པོ་བརྒྱབ་སྟེ་རིག་གནས་ཡུལ་སྐོར་བྱ་བར་བླངས་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་འཕེལ་རིམ་ཁྲོད། མདོ་ལ་རི་བོ་སེམས་ཉིད་ནགས་རའི་གདོད་མའི་ནགས་ཚལ་ཐོན་ཁུངས་མུའུ་ཁྲི476དང་དེ་བཞིན་སྨི2300ལྷག་གི་མཚོ་འཕགས་དང་ཐུན་མོང་མ་ཡིན་པའི་ནམ་ཟླའི་ཆ་རྐྱེན་ལ་བརྟེན་ནས། རྒྱལ་ལམ338ལམ་ཐིག་དང་མན་ཏ་མྱུར་ལམ་གྱི་སྟབས་བདེ་བའི་འགྲིམ་འགྲུལ་ལེགས་ཆ། དེ་བཞིན་ནགས་རའི་སྣེ་ལེན་ཁང་དང་སྟེ་གྱོ་སྡེ་བའི་དམངས་སྲོལ་སྡོད་ཁང་། འཇུ་ལག་དགོན་ལུང་ཞབས་ཞུའི་ལྟེ་གནས་སོགས་ད་ཡོད་ཀྱི་གནས་ཡུལ་བེད་སྤྱོད་བྱེད་དགོས་ཤིང་། སེམས་ཉིད་ཡུལ་ཚོ་དང་འབྲུ་གུ་ཡུལ་ཚོ་གསར་བརྗེ་དང་སྐྱེ་ཁམས་ཉམས་ཞིབ་བྱེད་པར་ཞུགས་དགོས་པ་དང་འབྲེལ་ཧུའུ་ཀྲུའུ་པེ་ལུང་རི་བོའི་ལྗོངས་ཁུལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐོ་སྒང་ནགས་ཚལ་ཁམས་གསོ་ཐོན་ལས་ཁྱུ་ཚོགས་བསྐྲུན་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཟེར།

ཤ་བོ་སྐྱབས་འཁོར་དང་བཅས་པས་སེམས་ཉིད་ཡུལ་ཚོ་སྲིད་གཞུང་དང་འཇུ་ལག་གྲོང་རྡལ་ཁང་ལི་ལམ་སྡེ་ཁུལ། ཤར་ཐང་གྲོང་རྡལ་ཆོས་ཚང་སྡེ་བ། མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་བཅས་སུ་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པའི་གཞུང་ལས་ཁོར་ཡུག་དང་ཟ་ཁང་གི་ཆ་རྐྱེན་བཅས་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ཤིང་། སྡེ་བའི(སྡེ་ཁུལ)བདེ་སྐྱིད་ཟ་ཁང་གཉེར་སྐྱོང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།  སྔར་ལས་ལྷག་པའི་སྒོ་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དམ་འཛིན་དང་མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ཐད་ཞིབ་ཕྲའི་བླང་བྱ་བཏོན། སྨན་ཁང་གི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་ཆ་ཚང་། རིག་ཚན་དང་འཇོན་མི་འཛུགས་སྐྲུན།  སྨན་བཅོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་དང་དེ་བཞིན་རིམ་པ་གསུམ་པའི་སྨན་ཁང་འཛུགས་སྐྲུན་བྱེད་པའི་ཐད་མཛུབ་ཁྲིད་གནང་།

ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན་དང་ཀྲུང་ཀྲི་ཅུན། སངས་འབུམ། ཚོ་ཅི་ཆང་བཅས་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་འཇུ་ལག་རྫོང་གི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་མཉམ་དུ་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号