མཚོ་བྱང་ཁུལ་གྱིས་ཞིང་དར་ཞིང་ཕན་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.1དོན་འཁྱོལ་བྱས།
2025ལོར་མཚོ་བྱང་ཁུལ་གྱིས་ཁ་གསབ་མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནོར་སྲིད་ཀྱི་ཞིང་དར་ཞིང་ཕན་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་ཞིང་དར་ཞིང་ཕན་གྱི་ཁ་གསབ་མ་དངུལ་སོ་སོ་སྒོར་དུང་ཕྱུར1.1དོན་འཁྱོལ་བྱས་ཏེ། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་གཞོགས་འདེགས་བྱས་པ་སྟེ། གཅིག་ནས་རྨོ་ཞིང་གི་ས་བཅུད་སྲུང་སྐྱོབ་ཁ་གསབ་སྤྲད་པ། རྨོ་ཞིང་འགན་གཙང་ལེན་བྱེད་དབང་ཡོད་པའི་ཞིང་བར་གཏན་འཁེལ་བྱས་པའི་རྨོ་ཞིང་གི་རྒྱ་ཁྱོན་གཞིར་བཟུང་མུའུ་རེར་ཆ་སྙོམས་ཁ་གསབ་སྒོར100སྤྲད་པ་དང་ཁྱོན་བསྡོམས་སྒོར་ཁྲི7400སྤྲད་དེ"འབྲུ་མིན་ཅན"དང"ཞིང་མིན་ཅན"དུ་འགྱུར་རྒྱུ་བཀག་འགོག་བྱས་ཡོད། གཉིས་ནས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བཀོལ་སྤྱོད་ལ་ཁ་གསབ་སྤྲད་པ། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱི་ཞིང་བ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ལ་བརྗེ་མཐུད་མ་དངུལ་སྒོར་ཁྲི870བཏང་ནས"རང་བརྟེན་འཕྲུལ་འཁོར་ཉོ་སྒྲུབ་དང་བཅད་གྲངས་ཁ་གསབ། སྔོན་ཉོ་རྗེས་གསབ། རྫོང་རིམ་པའི་བསྡོམས་རྩིས། ཁ་གསབ་ཐད་ཀར་བྱང་བུའི(ཁྱིམ་ཚང)ནང་རྒྱག་པ"བཅས་ཀྱི་བྱ་ཐབས་བརྒྱུད་ཁུལ་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ཆུ་ཚད་དང་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཆེས་ཆེར་ཇེ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། གསུམ་ནས་གྲོ"གཏོར་བ་གཅིག་དང་འགོག་པ་གསུམ"ལ་ཁ་གསབ་སྤྲད་པ། གྲོ"གཏོར་བ་གཅིག་དང་འགོག་པ་གསུམ"གྱི་ལས་འགན་སྒྲུབ་འགན་འཁུར་བའི་རྨོ་ཞིང་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི61དོན་འཁྱོལ་བྱས་ནས། ལོ་ལེགས་འབྱུང་བར་སྐུལ་འདེད་བཏང་ཡོད། བཞི་ནས་ལུད་རྫས་དང་ཞིང་སྨན་ཇེ་ཉུང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བའི་འགུལ་སྐྱོད་ལ་ཁ་གསབ་སྤྲད་པ། ལུད་རྫས་དང་ཞིང་སྨན་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་འགུལ་སྐྱོད་སྤེལ་འགན་འཁུར་བའི་འདེབས་འཛུགས་བྱེད་པོར་འབྲུ་སྣུམ་སྔོ་ཚལ་མུའུ་ཁྲི20.8"སྙུང་གཉིས"ལག་བསྟར་བྱས་པར་ཁྱོན་ཁ་གསབ་མ་དངུལ་སྒོར་ཁྲི2224བཏང་ནས་ཞིང་སའི་སྐྱེ་ཁམས་ཁོར་ཡུག་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལྔ་ནས་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ལ་ཁ་གསབ་སྤྲད་པ། ལྷུ་ཚིགས་རྐྱང་པ་ལག་བསྟར་བྱས་པ་དང་། ལྷུ་ཚིགས་མང་པོའི་ཚབ་གཉེར་རྒྱ་ཁྱོན་བསྡོམས་མུའུ་ཁྲི2.1ཟིན་པའི་བྱེད་པོའི་ཁ་གསབ་མ་དངུལ་སྒོར་ཁྲི140བཏང་ནས་ཞིང་ལས་ཐོན་སྐྱེད་ཀྱི་རྩ་འཛུགས་ཅན་དང་ཆེད་ལས་ཅན། འཕྲུལ་ཆས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་ཡོད། དྲུག་ནས་ཞིང་ལས་སྲིད་ཇུས་ཀྱི་འགན་བཅོལ་ལ་ཞིང་ལས་ཁ་གསབ་སྤྲད་པ། "གྲོ་དང་ནས། ལོག་དཀར། ཞོག་ཁོག"སོགས་ལོ་ཏོག་འདེབས་འཛུགས་བྱེད་མཁན་གྱི་ཞིང་བ་ཁྱིམ་ཚང་ལ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་རིམ་པ་སོ་སོའི་ནོར་སྲིད་ཀྱིས་འདེབས་འཛུགས་ལས་རིགས་ཀྱི་འགན་བཅོལ་ལ་ཁྱོན་བསྡོམས་ཁ་གསབ90%སྤྲོད་པ་དང་། ཞིང་བས10%འགན་འཁུར་རྒྱུའི་བླང་བྱ་གཞིར་བཟུང་སྔོན་དཔག་བྱས་ན་འགན་བཅོལ་ཁ་གསབ་སྒོར་ཁྲི712དོན་འཁྱོལ་བྱས་ནས་ཞིང་བར་འབྲུ་རིགས་འདེབས་སྐབས"བདེ་འཇགས"འགན་སྲུང་བྱས་ཡོད། བདུན་ནས་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་བཟོ་སྐྲུན་ལ་ཁ་གསབ་སྤྲད་པ། དཔེ་སྟོན་སྣེ་ཁྲིད་ཅན་དང་སྤུས་ལེགས་ཅན། མི་མངོན་པའི་ནུས་ཤུགས་ཅན་བཅས་ཀྱི་འདེབས་འཛུགས་ཁེ་ལས་ལ་ས་བོན་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི436དོན་འཁྱོལ་བྱས་པ་དང་། ས་བོན་ཞིབ་འཇུག་གསར་སྤེལ་དང་གསོ་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གཞི་རྩ་ནས་ཞིང་ལས་ཐོན་ལས་འཕེལ་རྒྱས་ཡོང་བར་འགན་སྲུང་བྱས་ཡོད། བརྒྱད་ནས་བྱང་ཚད་མཐོ་བའི་རོང་འབྲོག་པའི་གསོ་སྐྱོང་ལ་ཁ་གསབ་སྤྲད་པ། མ་དངུལ་སྒོར་ཁྲི95དོན་འཁྱོལ་བྱས་ནས་བྱང་ཚད་མཐོ་བའི་ཞིང་བ300གསོ་སྐྱོང་བྱས་ཏེ། ཞིང་ཕྱུགས་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་རེད། དགུ་ནས་འབྲུ་སྣུམ་ཐོན་ཚད་རྐྱང་བར་ཁ་གསབ་སྤྲད་པ། འབྲུ་སྣུམ་དང་ནས། ལོག་དཀར་སོགས་འབྲུ་སྣུམ་སྐྱེ་དངོས་ཀྱི་གཞི་ཁྱོན་ལྡན་པའི་འདེབས་འཛུགས་བྱེད་མཁན་གྱི་ཁྱིམ་ཆེན་དང་། ཁྱིམ་ཚང་ཞིང་ར། ཞིང་ལས་མཉམ་ལས་ཁང་སོགས་འདེབས་འཛུགས་བྱེད་པོ་ལ་ཁ་གསབ་མ་དངུལ་སྒོར་ཁྲི364བཏང་ནས་འབྲུ་སྣུམ་ཐོན་འཕར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་རྒྱུར་སྐུལ་མ་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注