མདོ་ལ་རྫོང་གིས་བདེ་འཇགས་ཐོན་སྐྱེད་རྒྱུན་མཐུད་གཙིགས་སུ་བཟུང་།

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད་ནི་བདེ་འཇགས་ལས་དོན་གྱི་གཙོ་བོ་རུ་བཟུང་ཞིང་། བདེ་འཇགས་ཐོན་སྐྱེད་འགན་འཁྲི་མ་ལག་རྒྱུན་མཐུད་འཐུས་ཚང་དུ་བཏང་། བདེ་འཇགས་འགན་སྲུང་རྨང་གཞི་བརྟན་པོ། བདེ་འཇགས་ལྟ་སྐུལ་ཕན་ནུས་མཐོར་འདེགས། བདེ་འཇགས་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཙུགས། ཐབས་མང་མཉམ་སྤྱོད་དང་ཕྱི་ནང་མཉམ་བཅོས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་གཏིང་ཟབ་དུ་དོན་འཁྱོལ་བཏང་སྟེ་རྫོང་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་བྱུང་། 

ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ་འགན་འཁྲིའི་དོན་འཁྱོལ་ལ་སྐུལ་འདེད་བཏང་། 《མདོ་ལ་རྫོང་གི་ལས་རིགས་ལ་དོ་དམ་བྱ་ན་བདེ་འཇགས་ལ་དོ་དམ་བྱ་དགོས་ཤིང་། ལས་སྒོ་ལ་དོ་དམ་བྱ་ན་བདེ་འཇགས་ལ་དོ་དམ་བྱ་དགོས་པ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱ་ན་བདེ་འཇགས་ལག་བསྟར་ཐབས་ལམ་ལ་དོ་དམ(ཚོད་ལྟ)》དང《མདོ་ལ་རྫོང་གཏེར་རི་དང་བཟོ་ཚོང་། ཉེན་ལྡན་རྫས། ཚོན་ལྡན་ཤོག་སྦག་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་རྟོག་འདོམས་ཞིབ་བཤེར་མཉམ་འགུལ་ལམ་སྲོལ》《མདོ་ལ་རྫོང་བདེ་འཇགས་ཐོན་སྐྱེད་རྒྱུན་རྣམ་ཅན་གྱི་མངོན་བཤེར་ལྐོག་འདྲིའི་ལམ་ལུགས》སོགས་ལམ་ལུགས་ལམ་སྲོལ་གཏན་འབེབས་པར་འགྲེམས་བྱས། ལས་རིགས་སྡེ་ཁག་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་འགན་འཁྲི་སྔར་བས་གསལ་བོ་བཟོས་ནས་ལྟ་སྐུལ་རྣམ་པ་གསར་གཏོད་དང་ཕན་ནུས་མཐོར་འདེགས་སུ་བཏང་། 

གྲལ་བཤེར་ནུས་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་ཁྲིམས་བསྟར་གཟབ་ནན་དུ་སྤེལ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་སྒོས་ལས་རིགས་ཁྱབ་ཁོངས་གཙོ་བོ་དང་མང་ཚོགས་གམ་གྱི་བདེ་འཇགས་བྱུར་རྐྱེན་ལ་དམིགས་ནས་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་ལས་དོན་གཏིང་ཟབ་ཏུ་སྤེལ། ད་ལོའི་ཚུན་དུ། ཡུལ་གྲོང་ཁག་དང་ལས་རིགས་སྡེ་ཚན་སོ་སོས་འགྲིམ་འགྲུལ་འཁོར་སྐྱོད་དང་འདོན་སྲུང་། མེ་གསོད་བདེ་འཇགས། ཚོན་ལྡན་ཤོག་སྦག་སོགས་ཁྱབ་ཁོངས་གཙོ་བོ་རུ་རིགས་སོ་སོའི་གནད་དོན་བྱུར་རྐྱེན165རྙེད་ཅིང162དག་ཐེར་བྱས། བྱུར་རྐྱེན3དག་ཐེར་བྱེད་བཞིན་པའི་སྒང་ཡིན།

དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ནས་འགོག་ཟོན་འདུ་ཤེས་མཐོར་འདེགས་སུ་བཏང་། དྲིལ་སྒྲོག་རླངས་འཁོར་ངོས་སུ་འཕྲེད་བྱང་སྦྱར་ནས་ཁྲོམ་སྲང་དྲིལ་སྒྲོག་བྱས་ཤིང་། ཁྲོམ་སྲང་གི་ཚོང་ར་མྱུལ་བ་དང་ཁྱིམ་ཚང་གི་སྒོ་རྩར་འཛུལ་བ་སོགས་ཀྱི་རྣམ་པ་བརྒྱུད་མང་ཚོགས་གམ་གྱི་བདེ་འཇགས་བྱུར་རྐྱེན་དུས་ཐོག་ཏུ་སེལ་བར་མཛུབ་ཁྲིད་བྱས་ཤིང་། དྲིལ་སྒྲོག་ལག་དེབ500ལྷག་དང་མི300ལྷག་ལ་ཁྱབ་པར་བྱས་ནས་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་འཕྲིའི་དྲིལ་སྒྲོག་ཁྱབ་ཚད་སྔར་བས་རྒྱ་བསྐྱེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号