ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བཅུ་གསུམ་པར་མགོ་འཛིན་མཛད།

ཟླ4པའི་ཚེས17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“སྔོན་དཔག་དོ་དམ་ལ་ཤུགས་སྣོན་བྱས་ཏེ་སྲིད་ཇུས་ལག་བསྟར་དང་སྔོན་དཔག་ཁྲིད་སྟོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཆེད་དོན་སློབ་སྦྱོང་ཐེངས་བཅུ་གསུམ་པ་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད། 

ཟླ4པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“སྔོན་དཔག་དོ་དམ་ལ་ཤུགས་སྣོན་བྱས་ཏེ་སྲིད་ཇུས་ལག་བསྟར་དང་སྔོན་དཔག་གི་ཁྲིད་སྟོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཆེད་དོན་སློབ་སྦྱོང་ཐེངས་བཅུ་གསུམ་པ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་སྔོན་དཔག་བརྟན་གཏོང་དང་ཡིད་ཆེས་ཆེར་སྐྱེད་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྔོན་དཔག་དོ་དམ་ལ་ཤུགས་སྣོནཔའི་སྐོར་གྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། མིག་སྔའི་གནས་བབ་དང་ཟུང་འབྲེལ་གྱིས་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་ལ་ལེགས་པའི་ཕྱོགས་སུ་བསྐྱོད་རྒྱུར་ནུས་པ་ཡོད་པའི་སྒོ་ནས་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་རིག་གཞུང་པུའུ་ཡི་ཨུ་ཡོན་ཀའོ་ཕེ་ཡུང་གིས་འཆད་འགྲེལ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་དང་ཀྲང་གོ་ཆིན། རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ལིས་ཆང་གིས་འཆད་འགྲེལ་དང་བརྗེ་རེས་གཏམ་བཤད་ལ་ཉན་རྗེས། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་བོ་ཕྱིའི་ཆ་རྐྱེན་ལ་རག་ལས་ཡོད་མོད། འོན་ཀྱང་རང་ངོས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད། ཚོང་རའི་སྔོན་དཔག་ནི་དཔལ་འབྱོར་བྱེད་སྒོར་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། ཚོང་རའི་དཔལ་འབྱོར་ཡང་ཚད་ངེས་ཅན་ཞིག་གི་ཐོག་ནས་སྔོན་དཔག་དཔལ་འབྱོར་ཡིན། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་བྱེད་པའི་ཁྲོད་དུ། མཁོ་སྤྲོད་དོ་མཉམ་གྱི་སྙོམས་སྒྲིག་ལ་དོ་སྣང་བྱེད་དགོས་པར་མ་ཟད། སྔོན་དཔག་དོ་དམ་དང་སྣེ་ཁྲིད་ལ་དོ་སྣང་བྱས་ཏེ། སྤྱི་ཁོག་སྙོམས་སྒྲིག་གི་ཕན་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་དང་། སྔོན་དཔག་བརྟན་པོ་དང་ཡིད་ཆེས་བརྟན་པོ། དཔལ་འབྱོར་བརྟན་པོ་བཅས་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བ་དང་འཁོར་རྒྱུག་ལེགས་པོ་བྱེད་དགོས།

ལིས་ཆང་གིས་བསྟན་དོན། སྔོན་དཔག་དོ་དམ་ཡག་པོ་བྱེད་པར་ཕྱོགས་བསྡུས་རང་བཞིན་ཆེ་བ་དང་། སྲིད་ཇུས་གཏན་འབེབས་ལག་བསྟར་དང་སྲིད་གཞུང་གི་ལས་དོན་ཕྱོགས་གང་ཅིའི་ཐད་ནས་སྔོན་དཔག་གི་འདུ་ཤེས་བརྟན་པོ་ཡོད་དགོས་པ་དང་། ལྷག་པར་དུ་གནས་བབ་ཀྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་ཀྱི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས། སྲིད་ཇུས་ཀྱི་གཙོ་གནད་འཚོལ་བ་དང་། དཔལ་འབྱོར་གྱི་འཕེལ་ཕྱོགས་ལ་ནུས་པ་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ། བྱེད་ཐབས་གནད་ལ་འཁེལ་བ་དང་གཅིག་སྡུད་སྒོས་སྲིད་ཇུས་ལག་བསྟར་བྱེད་པ་དང་། དུས་ལྟར་ནུས་པ་ཡོད་པའི་སྲིད་ཇུས་འདོན་དགོས། སྲིད་ཇུས་ཀྱི་གོ་སྐབས་ལ་དོ་སྣང་བྱས་ཏེ། གནད་འགག་གི་དུས་སུ་ཕྱོགས་གང་ཅིའི་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་སྔ་མོ་ནས་འདོན་པ་དང་གང་མགྱོགས་སྒོས་འདོན་པར་སྐུལ་འདེད་བཏང་སྟེ། སྔོན་དཔག་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པར་བྱེད་དགོས། སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགོས་གལ་བྱུང་ཚེ་དུས་རྒྱུན་གྱི་བྱེད་ཐབས་ལས་བརྒལ་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། ཚོང་རར་དངོས་གནས་ཐོབ་སྣང་ཡོད་པར་བྱེད་དགོས། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་རང་འགུལ་དང་གནད་འཁེལ་གྱིས་སྐྱེལ་བའི་བྱ་བ་ལེགས་པོར་བསྒྲུབ་པ། ཚོང་ར་དང་ཕན་ཚུན་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཚོང་རར་སྲིད་ཇུས་ཤེས་རྟོགས་དང་བེད་སྤྱོད་གང་ལེགས་བྱེད་དུ་འཇུག་པ་དང་། སྲིད་ཇུས་ཀྱིས་མང་ཚོགས་དང་ཁེ་ལས་ལ་ཕན་ཐོགས་པར་བྱེད་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། འཐབ་ཇུས་གལ་ཆེན་དང་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཅས་ཀྱིས་སྔོན་དཔག་བརྟན་པོ་ཡོང་བར་ནུས་པ་གལ་ཆེན་འདོན་བཞིན་ཡོད། འཐབ་ཇུས་གལ་ཆེན་དང་བཅོས་སྒྱུར་གྱི་བྱེད་ཐབས་མྱུར་དུ་དོན་འཁྱོལ་བྱས་ཏེ། རེ་རེ་བཞིན་བཤད་པ་དང་། རེ་རེ་བཞིན་སྒྲུབ་པ། རེ་རེ་བཞིན་འགྲུབ་པ་བཅས་བྱས་ཏེ། ཚོང་རའི་སྔོན་དཔག་གསལ་པོ་ཆགས་པར་ཁྲིད་སྟོན་དང་། བཅོས་སྒྱུར་ཟབ་སྤེལ་དང་སྔོན་དཔག་བྱེད་ཤུགས་ཆེ་རུ་གཏོང་བའི་དྲང་ཕྱོགས་ཀྱི་མཉམ་འགུལ་མངོན་འགྱུར་བྱེད་དགོས།  དཀྱེལ་ཡངས་དང་འདྲ་མཉམ། བརྟན་པོ། སྔོན་དཔག་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་ཏེ། རང་འགུལ་ངང་མང་ཚོགས་དང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་། སྲིད་འཛིན་ཁྲིམས་བསྟར་བྱེད་སྟངས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ། དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། གཉེར་སྐྱོང་གྲུབ་ཆ་གཙོ་བོ་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱ་དགོས།

སྔོན་དཔག་དོ་དམ་གྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་དང་། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། ནུས་པ་ཡོད་པའི་སྒོ་ནས་ཚོང་རའི་ཡིད་རྟོན་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号