ཁ་རུབ་གནའ་ཤུལ་གྱི་གནས་ཡུལ་གང་ཡིན།

ཁ་རུབ་གནའ་ཤུལ་ནི་བོད་ལྗོངས་ཆབ་མདོ་རྫོང་ཆབ་མདོ་ཁ་རུབ་གྲོང་སྡེ་རུ་ཆགས་ཤིང་། སྤྱི་ལོ1978ལོར་གསར་རྙེད་བྱུང་བའི་གནའ་ཤུལ་གྲགས་ཅན་ཞིག་ཡིན།  གནས་དེ་ནི་ཡུལ་དེའི་རྫ་ཆུའི་ནུབ་འགྲམ་དུ་ཡོད་ལ། མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་སུམ་སྟོང་བརྒྱད་བརྒྱ་ཙམ་ཡོད།  ཚོད་དཔག་བྱས་པ་ལྟར་ན། ཡུལ་གྱི་རྒྱ་ཁོན་ལ་སྤྱི་ཁྲུ་གྲུ་བཞི་མ་ཆིག་ཁྲི་ལྷག་ཡོད་ཅིང་། སྔ་རྗེས་ཐེངས་གཉིས་ལ་སྔོག་འདོན་བྱས་མྱོང་བ་དང་། ས་འོག་ནས་ཁང་ཤུལ་དང་རྡོ་རྩིག རྡོ་ཆས། རུས་ཆས། རྫ་ལེབ། རྒྱན་ཆས་སོགས་གནའ་རྫས་རིགས་མི་འདྲ་བ་མང་བོ་རྙེད་པ་རེད། གནའ་རྫས་དེ་དག་ད་ནས་ཡར་བརྩིས་ན་ལོ་ངོ་བཞི་སྟོང་དྲུག་བརྒྱ་ནས་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པས། བོད་ཀྱི་གནའ་རབས་རིག་གནས་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་ཡིན། དེས་མདོ་ཁམས་ཡན་དང་དབུས་གཙང་མན་གྱི་བོད་མི་ཡོངས་ཀྱི་དུས་སྐབས་ཤིག་གི་ཤེས་རིག་གི་རྣམ་པ་མཚོན་ཡོད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号