གཅན་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རོང་འབྲོག་ཁུལ་གྱི་ཟས་རིགས་བདེ་འཇགས་ཆེད་དམིགས་བཅོས་སྐྱོང་བྱ་འགུལ་སྤེལ་བ།  

རོང་འབྲོག་ཁུལ་གྱི་ཟས་རིགས་གཉེར་སྐྱོང་སྡེ་ཁག་གི་གཉེར་སྐྱོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས། ཟས་རིགས་བདེ་འཇགས་ཡོང་བར་འགན་སྲུང་བྱེད་པའི་ནུས་པ་དང་ཆུ་ཚད་ཆེ་རུ་གཏོང་བ་དང་། ཟས་རིགས་བདེ་འཇགས་ལ་གནོད་པའི་རྒྱུ་རྐྱེན་ཞིབ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་ར་གཉེར་སྐྱོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ། ཉེ་ཆར། རྨ་ལྷོ་བོད་ིརགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རོང་འབྲོག་ཁུལ་དུ་རྫུན་ལྷད་རྫུས་གསུམ་གྱི་ཟས་རིགས་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པའི་བྱ་འགུལ་སྤེལ་བ་རེད།

འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བཀོད་སྒྲིག་ཞིབ་ཚགས་བྱས་པ། གཅན་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཐེངས་འདིའི་ཆེད་དམིགས་བཅོས་སྐྱོང་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། “མགོ་གཙོ་དང་པོ”ཚན་གཙོ་ཡིན་པའི་ཆེད་དམིགས་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ནས། དུས་ཐོག་ཏུ་ཚོགས་འདུ་འཚོགས་ནས་བཅོས་སྐྱོང་བྱ་བར་བཀོད་སྒྲིག་ཞིབ་ཕྲ་དང་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ལ། ཅུས་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པར་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ནས།ཆེད་དམིགས་བཅོས་སྐྱོང་བྱ་བར་ཕན་འབྲས་ཐོབ་ཏུ་བཅུག

གཙོ་གནད་འབུར་དུ་དོད་དེ་ཉེན་ཁའི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱས། རོང་འབྲོག་ཁུལ་གྱི་ཟས་རིགས་བདེ་འཇགས་ཀྱི་ཞན་ཆ་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ཁྲིམས་འཛིན་མི་སྣ་རྫོང་ཁོངས་ཀྱི་ཚོང་ཁང་ཆུང་ཆུང་དང་སྒོ་རྩིས་ཚོང་ཁང་སོགས་ཟས་རིགས་གཉེར་སྐྱོང་ཁང་དུ་སོང་ནས་ཟས་རིགས་གཉེར་སྐྱོང་ཐོབ་ཐང་ལ་ཞིབ་བཤེར་ནན་ཏན་བྱས་པ་དང་། གཉེར་སྐྱོང་ཁྱིམ་ཚང་གི་ལག་ཁྱེར་ཆ་ཚང་བ་དང་ཁྲིམས་མཐུན་སྒོས་གཉེར་སྐྱོང་བྱེད་པར་འགན་ལེན་བྱས་ཏེ། འོ་ཟས་དང་ཤའི་ཐོན་རྫས། བཟའ་སྣུམ། ཆང་གི་རིགས། སྐོམ་ཆུ། བྱིས་པའི་ཟས་རིགས་སོགས་གཙོ་བོར་བཟུང་ནས་ཞིབ་བཤེར་བྱས།

འགག་སེལ་ཟུང་འབྲེལ་བྱས་ཏེ་གཉེར་སྐྱོང་ཁྱབ་ཁོངས་ཚད་ལྡན་དུ་བཏང་བ། ཁྲིམས་འཛིན་མི་སྣས་འགག་སེལ་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཅིག་ནས་རྫུན་རྫུས་ཞན་གསུམ་གྱི་བཟོ་ཚོང་དང་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པ་སོགས་ཀྱི་ཟས་རིགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ཟས་རིགས་གཉེར་མཁན་གྱིས་ཚད་ལྡན་གཉེར་སྐྱོང་དང་ཡིད་རྟོན་གཉེར་སྐྱོང་བྱེད་པར་ཧུར་ཐག་གིས་སྣེ་ཁྲིད་བྱས། དྲིལ་སྒྲོག་སློབ་གསོ་དང་སྲིད་ཇུས་ཁྲིད་སྟོན་སོགས་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། ཟས་རིགས་ལས་གཉེར་མཁན་གྱི་བཅའ་ཁྲིམས་འདུ་ཤེས་དང་ཟས་རིགས་བདེ་འཇགས་འདུ་ཤེས་ཐེ་མཐོར་བཏང་སྟེ། རོང་འབྲོག་ཁུལ་གྱི་ཟས་རིགས་ཁྲོམ་ར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

ཐེངས་འདིའི་ཆེད་དམིགས་བྱ་འགུལ་ཁྲོད། བསྡོམས་པས་ཁྲིམས་འཛིན་མི་སྣ་མི་ཐེངས20ལྷག་ཙམ་བཏང་ནས་ཟས་རིགས་གཉེར་སྐྱོང་ཁྱིམ་ཚང40ལྷག་ལ་ཞིབ་བཤེར་བྱས། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་དཔང་ཡིག་དང་འཛིན་བྱང་མེད་པ། ཟས་རིགས་སྒྲིག་སྟངས་ཟང་ཟིང་ཡིན་པ། སིལ་ཚོང་གི་ཚོང་རྟགས་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ལ་དུས་བཀག་བཅོས་སྐྱོང་བྱེད་དགོས་པའི་བཀའ་བཏང་བར་མ་ཟད་རྗེས་འདེད་བཅོས་སྐྱོང་དོན་འཁྱོལ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号