ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་འགག་སྒྲོལ་དམག་འཐབ་ཀྱི་སྐུལ་འདེད་ཚོགས་ཆེན་འཚོགས་པ།
ཟླ4པའི་ཚེས10ཉིན། ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་འགག་སྒྲོལ་དམག་འཐབ་ཀྱི་སྐུལ་འདེད་ཚོགས་ཆེན་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་འགག་སྒྲོལ་དམག་འཐབ་ཀྱི་སྐུལ་འདེད་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། 2024ལོའི་ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་ཕན་འབྲས་ཕྱོགས་སྡོམ་བྱས་ཏེ། 2025ལོའི་ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།
ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་གི་སྐྱེ་ཁམས་ཀྱི་གནས་བབ་དམིགས་བསལ་དང་གལ་ཆེན་ཡིན་པས། རྒྱལ་ཁོངས་ལྗང་སྒྱུར་ལེགས་པོ་བྱེད་པ་དང“བྱང་གསུམ”འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དེས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་འཛུགས་པ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་རྒྱུར་རོགས་རམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་བ་མཚོན་ཡོད། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཡུན་རིང་གི་རྩིས་ཐོ་དང་སྤྱི་ཡོངས་ཀྱི་རྩིས་ཐོ། ཕྱོགས་བསྡུས་རྩིས་ཐོ་བཅས་རྩིས་རྒྱག་ཡག་པོར་བརྒྱབ་ནས “ལྗང་མདོག་རྒྱ་སྐྱེད་དང་ལྗང་མདོག་དར་སྤེལ། ལྗང་མདོག་སྲུང་སྐྱོབ”བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དེ་སྔའི221རྟེན་གཞིའི་བཟོ་ཁུལ་ལྗང་སྒྱུར་དང་ཁེ་ཐུ་བྱེ་བཅོས་ཀྱི་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྱི་འགུལ་སྐྱོད་རྒྱུན་ཆད་མེད་པར་སྤེལ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་བསྟན་དོན། དུས་བབ་གསར་པ་དང་བླང་བྱ་གསར་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ད་ལོའི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་འགན་ལ་དམ་པོར་དམིགས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་བྱ་བའི་གཙོ་གནད་ཁ་གསལ། བྱ་བའི་བྱེད་ཐབས་ཞིབ་ཕྲ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་དམ་འཛིན་དང་གྲུབ་འབྲས་འགན་ལེན་བྱས་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བར་འགན་ལེན་བྱེད་དགོས་ཏེ། གཅིག་ནས་རྒྱལ་ཁོངས་ལྗང་སྒྱུར་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཟུང་འབྲེལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་དང་། རང་བྱུང་ཆོས་ཉིད་གཞིར་འཛིན་པ་དང་། ལྗང་སྒྱུར་ས་ཆ་འོས་འཚམ་གྱིས་གཏན་འཁེལ་བྱེད་པ། རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་ལག་བསྟར་བྱེད་ཤུགས་དང་གཅུན་ནུས་ལ་ཤུགས་སྣོན་པ། ས་ཆར་འཚམ་པའི་སྡོང་བོ་འཛུགས་པ་རྒྱུན་འཁྱོངས་དང་། རང་ཡུལ་གྱི་སྡོང་རིགས་དང་རྩྭ་རིགས་རྒྱ་ཆེར་བེད་སྤྱོད་བྱེད་པ། སྡོང་ཕྲུག་མཁོ་སྤྲོད་བྱེད་ཚད་དང་སོན་བཟང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས། གཉིས་ནས་སྡོང་འཛུགས་རྩྭ་འདེབས་དང་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་བྱེད་པའི་དུས་ཚོད་ཡག་ཤོས་དམ་འཛིན་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་ནས་འཛུགས་སྐྲུན་བྱེད་བཞིན་པ་དང་གསར་སྐྲུན་བྱེད་པའི་ལས་གཞི་སྔ་མོ་ནས་ལས་མགོ་རྩོམ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ། ཞིང་སྡེ། བགྲོད་ལམ། ཆུ་རྒྱུད་སོགས་གཙོ་གནད་ས་ཁོངས་ལྗང་སྒྱུར་དང་། རྫོང་མཁར་དང་། ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་། སྡེ་བའི་ཨུ་ལྷན་བཅས་ཀྱི་ར་སྐོར་དང་སློབ་ར། དགོན་པ་བཅས་ཀྱི་ལྗང་མདོག་བྱ་བར་ཤུགས་སྣོན་པ་དང་། ནུབ་མཚོ་གྲོང་རྡལ——མཁར་ཟུར་གསུམ་གྲོང་རྡལ་གྱི“གྲོང་རྡལ་གཉིས་དང་ལམ་ཐིག་གཅིག”གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་དང་། དེ་སྔའི་རྒྱལ་ལམ315ཡི་གཞོགས་གཉིས་དང་སྒར་གཞི་བཅུ་གཉིས་པའི་རིས་ཁྲ་བཅོས་སྐྱོང་དང་རྩྭ་འདེབས་ལྗང་སྒྱུར་སླར་གསོ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་དུས་ཚིགས་ལྟར་ལོ་འཁོར་མོའི་ལས་འགན་ལེགས་འགྲུབ་འབྱུང་བར་འགན་ལེན་བྱེད་དགོས། གསུམ་ནས་ནགས་རྩྭ་དཔོན་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ། བྱ་བའི་དཔུང་ཁག་སྟོབས་ལྡན་སྐྲུན་པ། ལྟ་སྐུལ་དང་དཔྱད་ཞིབ་ལ་ཤུགས་སྣོན་པ། ནགས་རྩྭར་གནོད་པ་ཡོད་པའི་སྐྱེ་དངོས་འགོག་བཅོས་གཅིག་གྱུར་འཆར་འགོད་བྱས་ནས་ལེགས་པོར་སྒྲུབ་པ་དང་། ནགས་ཚལ་དང་རྩྭ་ཐང་ཆེན་པོའི་མེ་སྐྱོན་དོགས་ཟོན་སོགས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་ལེགས་པོ་བྱས་ཏེ་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་ཏན་ཏིག་གཏོང་དགོས། བཞི་ནས་སྐྱེ་ཁམས་དང་ཐོན་ལས་མཉམ་འདྲེས་ཡག་པོ་བྱས་ཏེ་ཁུལ་ཡོངས་ཀྱི་ནགས་རྩྭའི་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཉམས་ཞིབ་དང་ནགས་ཚལ་ཁམས་གསོ། མེ་ཏོག་དཔལ་འབྱོར། ནགས་འདབས་དཔལ་འབྱོར་སོགས་འཕེལ་རྒྱས་བཏང་སྟེ་སྐྱེ་ཁམས་ཀྱི་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དང་འགྲན་རྩོད་ཀྱི་ལེགས་ཆར་སྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འགན་འཁྲི་ནན་དཀྲི་དང་གཞོགས་འདེགས་ཤུགས་སྣོན། མཐུན་སྦྱོར་སྐུལ་འདེད་བཅས་བྱས་ཏེ། ལས་འགན་སོ་སོར་དམ་འཛིན་བྱེད་མཁན་དང་དོ་དམ་བྱེད་མཁན་ཡོད་པའི་འགན་ལེན་བྱེད་དགོས་ལ། འོས་འགན་སྡོང་འཛུགས་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། རྒྱ་ཆེའི་མང་ཚོགས་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་བཟང་བོ་ཞིག་ཆགས་པར་བྱེད་དགོས་ཟེར།
ཚོགས་འདུའི་ཐོག 2024ལོའི་ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་ལས་གཞི། ནགས་ཚལ་དང་རྩྭ་ཐང་གི་གཙོ་གནད་བྱ་བ་ལེགས་གྲུབ་བྱས་པའི་གནས་ཚུལ་ཁྱབ་བརྡ་བཏང་།
ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ལ། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་། ཝན་བཀྲ་ཤིས་དོན་འགྲུབ། མ་རུའུ་ཞང་། ཧན་ཧྲི། དབྱང་ཏེ་བཅས་དང་། དེ་བཞིན་ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་སྡེ་ཁག་སོ་སོ། མང་ཚོགས་ཚོགས་པ་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注