ཤ་བོ་སྐྱབས་མདའ་བཞི་རྫོང་དུ་བསྐྱོད་དེ་མཚོ་སྐོར་བྱང་ངོགས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་སྐུལ་འདེད་དོན་འཁྱོལ་བྱས་པའི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།
ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྒྱལ་ཁོངས་ལྗང་སྒྱུར་དང་བྱེ་འགོག་བྱེ་བཅོས། རྩྭ་ཕྱུགས་དོ་མཉམ་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས་མདའ་བཞི་རྫོང་དུ་བསྐྱོད་དེ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྟེ་ཡུལ་དངོས་ཚོགས་འདུ་འཚོགས།
ཝ་མགྱོགས་ཡུལ་ཚོ་དང་མཚོ་སྔོན་པོ་ཡུལ་ཚོ། ནུབ་མཚོ་གྲོང་རྡལ་བཅས་ཀྱི་བྱེ་འགོག་བྱེ་བཅོས་ལས་གཞི་ལག་བསྟར་ཁུལ་དུ་བརྟག་ཞིབ་གནང་སྐབས། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཞིང་ཆེན་དང་ཁུལ་གྱི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་འགག་སྒྲོལ་དམག་འཐབ་ཀྱི་སྐུལ་འདེད་ཚོགས་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ལས་གཞིའི་མ་དངུལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། “བྱང་གསུམ”བཟོ་སྐྲུན་ལས་གཞི་ལ་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། ཁེ་ཐུ་བྱེ་བཅོས་ས་ཚིགས་ཀྱི་བྱེ་འགོག་བྱེ་བཅོས་ཉམས་ལེན་ཁང་གི་འགྲེམས་སྟོན་བྱ་བ་ཇེ་མགྱོགས་སུ་བཏང་སྟེ། མཐོ་གྲང་ཐན་བྱེ་ས་ཁུལ་ནས“མཐོ་སྒང་སའེ་ཧན་པེ”ལ་བསྒྱུར་བའི་གཏམ་རྒྱུད་ཡག་པོར་བཤད་དགོས། ཁེ་ཐུ་བྱེ་བཅོས་ཀྱི་ཉམས་མྱོང་དར་སྤེལ་གཏོང་བ་དང་སྔོན་ཐོན་ལག་རྩལ་རྒྱ་ཆེར་སྤེལ་ཏེ། བཟོ་སྐྲུན་དང་སྐྱེ་དངོས་ལ་བརྟེན་ནས་བྱེ་བཅོས་བྱེད་པ་ཟུང་འབྲེལ་བྱས་ཏེ་བྱེ་བཅོས་ཀྱི་ཕན་འབྲས་མཐོ་རུ་བཏང་སྟེ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས། བྱེ་འགྱུར་ས་ཞིང་ལ་སྡོང་བོ་བཙུགས་པའི་སྐྱེ་ཚད་ལ་དམིགས་ནས་ས་ཆར་འཚམ་པའི་སྡོང་བོ་འཛུགས་པ་རྒྱུན་འཁྱོངས་དང་། རང་ཡུལ་གྱི་སྡོང་རིགས་དང་རྩྭ་རིགས་རྒྱ་ཆེར་བེད་སྤྱོད་བྱེད་པ། སྡོང་ཕྲུག་མཁོ་སྤྲོད་བྱེད་ཚད་དང་སོན་བཟང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས། རྫོང་དང་ཡུལ་ཚོ། སྡེ་བ“རིམ་པ་གསུམ”གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་དམ་ཟབ་ཏུ་གཏོང་བ་དང་། དོ་དམ་སྲུང་སྐྱོབ་དཔུང་ཁག་གི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། དོ་དམ་སྲུང་སྐྱོབ་མ་དངུལ་དོན་འཁྱོལ་བྱེད་པ། དོ་དམ་སྲུང་སྐྱོབ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ད་ཡོད་ཀྱི་ཆུ་བེད་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱས་ཏེ་ཆུ་འདྲེན་ཡག་པོ་བྱས་ནས་ལས་གཞིའི་དུས་མཇུག་གི་དོ་དམ་སྲུང་སྐྱོབ་གནད་ལ་འཁེལ་བའི་འགན་ལེན་བྱེད་དགོས། ནགས་རྩྭ་དཔོན་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་ལེགས་པོར་སྒྲུབ་སྟེ་རྒྱུན་མཐུད་སྒོས་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་གྱི་གསལ་བྱང་ལམ་ལུགས་ཁྱབ་སྤེལ་བཏང་ནས་རྩྭ་ཕྱུགས་དོ་མཉམ་གྱི་སྲིད་ཇུས་དོན་འཁྱོལ་གནད་ལ་འཁེལ་བའི་འགན་ལེན་བྱེད་དགོས་ཟེར།
མཚོ་སྔོན་པོའི་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་དུ་བརྟག་ཞིབ་གནང་སྐབས། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མདའ་བཞི་རྫོང་ནི་རླབས་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་ཡུལ་ཡིན་དང་། དུས་རབས་ཀྱི་མིག་དཔེ་སྐལ་བཟང་གི་ཕ་ཡུལ་ཡིན་པས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྡུལ་ཕྲན་མཁར་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་མེ་སྒྱོགས་ཧྲིའི་གནའ་ཤུལ། མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པ་སོགས་གསར་བརྗེའི་ཉམས་ཞིབ་ས་ཚིགས་ཀྱི་སྐྱེ་ཁམས་རྨང་གཞི་སྲ་བརྟན་དུ་བཏང་ནས་ཚན་རིག་དང་མཐུན་པའི་ལྗང་སྒྱུར་རྒྱུན་འཁྱོངས་བྱེད་དགོས་ཤིང་། སྡོང་འཛུགས་ནགས་སྐྲུན་དང་སྐྱེ་ཁམས་ཉམས་གསོའི་ལས་གཞི་ནུས་ཆེའི་སྒོ་ནས་སྤེལ་བ་དང་། སྨོན་ལམ་མཐོན་པོ་མཁའ་དམག་གི་མཚོན་ཆའི་བྲག་ཕུག་ཡག་པོར་བསྐྲུན་པ། རྒྱུན་མཐུད་སྒོས་ནུབ་མཚོ་གྲོང་རྡལ་གྱི་རླུང་འགོག་ནགས་རྒྱུད་འཛུགས་སྐྲུན་དམ་འཛིན་བྱས་ཏེ་མུ་མཐུད་དུ་མཚོ་བྱང་གི་གསར་བརྗེ་དང་སྐྱེ་ཁམས་ཉམས་ཞིབ་ཆས་རྟགས་གཏོད་དགོས་ཟེར། དེའི་རིང་མཚོ་བྱང་ཁུལ་ཞིང་ཕྱུགས་ཚན་རྩལ་དཔེ་སྟོན་གླིང་དུ་བསྐྱོད་དེ་འོད་ཤུགས་ནོར་གནག་ཚོད་ལྟའི་ས་ཚིགས་ཀྱི་ཕྱུགས་ཁང་འཛུགས་སྐྲུན་བྱ་བར་མཛུབ་ཁྲིད་གནང་།
ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་མ་རུའུ་ཞང་། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注