ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་བཅོས་སྐྱོང་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་སྐྱེ་ཁམས་ཀྱི་རང་མདངས་རྒྱས་སུ་བཅུག་ནས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས་གཏོད་དགོས་པ་ནན་གྱིས་བསྟན།
ཟླ4པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དུ་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་བཅོས་སྐྱོང་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་བསྐྱོད་དེ་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་གནམ་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་ཀྱི་རང་མདངས་རྒྱས་སུ་བཅུག་ནས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས་གཏོད་དགོས་པ་ནན་གྱིས་བསྟན།
རྐང་ཚ་རྫོང་གི་མཁར་གསར་ལམ་ཆེན་གྱི་རྒྱལ་ཁོངས་ལྗང་སྒྱུར་སྡོང་འཛུགས་ནགས་སྐྲུན་བྱ་ཡུལ་དང་ཧོང་ཡུས་ཞིང་རའི་རྨོ་བསྐྱུར་ནགས་འདེབས་བྱ་ཡུལ་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་སུ་རྒྱལ་ཁོངས་ལྗང་སྒྱུར་གྱི་སྡོང་འཛུགས་ནགས་སྐྲུན་བྱ་བ་སྤེལ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་སྟེ་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང"བྱང་གསུམ"བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ"སྤུས་མཐོ"དང"ལས་དར""དམངས་ཕན"བཅས་ལ་དམིགས་ནས་དཔྱིད་དུས་ཀྱི་དུས་སྐབས་ཡག་ཤོས་དམ་འཛིན་བྱེད་པ་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་ཏན་ཏིག་སྤེལ་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ནགས་ཤིང་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་སེམས་རྣལ་དུ་ཕབ་པ་དང་བརྩེ་སེམས་ཟབ་མོར་བརྟེན་ནས"ཀུའོ་མིང་དབྱིའི་གཅེས་སེམས་ཚོགས་པའི"མི་རིགས་མཐུན་སྒྲིལ་དྲིན་གཟོ་སྐྱེ་ཁམས་སྤྱི་ཕན་ནགས་བརྟན་སྲུང་བྱས་ཏེ་ཐོབ་དཀའ་བའི་ལྗང་སྒྱུར་གྲུབ་འབྲས་སྲུང་སྐྱོབ་བྱེད་དགོས། ཧོང་ཡུས་ཞིང་རའི་རྨོ་བསྐྱུར་ནགས་གསོའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབ་ནས་དང་མ་སེར་པོ་དང་ལྕུམ་སྡོང་། གླ་སྟར་སོགས་ཀྲུང་བོད་སྨན་རྒྱུ་འདེབས་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་མཐོ་རུ་གཏོང་དགོས་ཟེར།
བྱ་གླིང་དང་མཚོ་ཆུང་རྣ་ལུང་དུ་བརྟག་ཞིབ་གནང་སྐབས། ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་སྔོན་པོའི་ཡངས་ཤིང་རྒྱ་ཆེ་བའི་སྐྱེ་ཁམས་འདམ་རར་རྩ་ཆེའི་ཉ་དང་བྱ་རིགས་འཚོ་གནས་བྱས་ཡོད་པ་དང་། མཚོ་སྔོན་པོའི་གསེར་ཉའི་ཚད་གྲངས་ཏུན་ཁྲི12.75ཟིན་པ་དེ2002ལོའི་སྲུང་སྐྱོབ་ཀྱི་ཐོག་མའི་དུས་དང་བསྡུར་ན་ལྡབ49འཕར་བ་དང་། ལོ་ལྟར་བྱ་རིགས་ཁྲི10ལྷག་ཙམ་གནས་སྤོ་བྱེད་ཀྱི་ཡོད་པས་རྐང་ཚ་རྫོང་འདི་ཉིད་མིང་དོན་མཚུངས་པའི"ཉ་དང་བྱ་ཡི་ཞིང་ཁམས"ཤིག་ཏུ་གྱུར་ཡོད་པས། མཚོ་སྔོན་པོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ཏེ་རྒྱལ་སྤྱིའི་བྱ་གཅེས་ཉིན་མོ་དང་འཛམ་གླིང་གི་དུས་བྱའི་ཉིན་མོ། དེ་བཞིན་བྱ་གཅེས་གཟའ་འཁོར་སོགས་ཀྱི་བྱེད་སྒོ་ཡག་པོར་སྤེལ་ནས་མཚོ་ཆུང་རྣ་ལུང་བྱ་གཟིགས་སྟེགས་བུ་མགྱོགས་མྱུར་བསྐྲུན་ཏེ་མཚོ་སྔོན་པོའི་བྱ་གླིང་དང་ལྷ་ཆབ་ཁུག གསེར་ཉའི་གཞིས་ཁྱིམ་བཅས་ཀྱི"བྱ་གཟིགས་གྲོང་རྡལ་ཆུང་ངུ"འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། "བྱ་གཟིགས+རིག་གནས་ཡུལ་སྐོར"གྱི་རྣམ་པ་ཧུར་ཐག་བཏོད་དེ་ཕན་དབྱང་མཚེའུ་ཡི་ཉམས་མྱོང་ལ་སློབ་སྦྱོང་དང་ཟུར་ལྟ་བྱས་ཏེ་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་བྱ་རིགས་ལྟ་ཞིབ་མཐུན་ཚོགས་དང་ཞིང་ཆེན་དང་ཁུལ་གྱི་པར་ལེན་མཐུན་ཚོགས་སོགས་གདན་དྲངས་ནས་ཟླ4པ་ནས་ཟླ6པའི་བར་མཚོ་སྔོན་པོའི"བྱ་གཟིགས་དུས་ཚིགས"ཀྱི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ་རང་བྱུང་སློབ་གསོ་དང་པར་ལེན་འགྲན་སྡུར་སོགས་ཀྱི་བྱ་ཐབས་བརྒྱུད་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས"བྱ་གཟིགས"དཔལ་འབྱོར་སྐྱེད་སྲིང་ཧུར་ཐག་བྱས་ཏེ་སྐྱེ་ཁམས་དམངས་ཕྱུག་གི་སྒུལ་ནུས་གསར་བ་འཕེལ་བར་བྱེད་དགོས་ཟེར།
ཚེ་ཐར་གཏེར་ཁ་དང་ཚེ་ཐར་གདོང་ལེན་གཏེར་ཁ་རུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་གཏེར་རི་ཕྱིར་སྐོང་དང་། མཐའ་ལྡེབས་བཅོས་སྐྱོང་། རྩྭ་འདེབས་སྔོ་ལྗང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་བར་མ་ཟད། གནས་དེ་རུ་སྐུལ་འདེད་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུར་གསན་པ་དང་གོམ་སྟབས་རྗེས་མའི་བྱ་བར་བཀོད་སྒྲིག་གནང་སྟེ་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་དཔེ་མཚོན་གྱོད་དཔེ་དག་ཐེར་དང་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་བྱ་བ་དེ་ཆབ་སྲིད་ཀྱི་རྒྱུགས་ཆེན་དང་སྐྱེ་ཁམས་ཀྱི་རྒྱུགས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་བ་དང་བྱ་བའི་ལས་འགན་སོ་སོ་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་གྱི་ཞན་ཆར་ལྟ་སྟངས་ཡང་དག་འཛིན་པ་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ལས་ཡུན་ལྡོག་སྒྲིག་བྱས་ཏེ་ཚེ་ཐར་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་མཐའ་གཅིག་ཏུ་མཐར་ཕྱིན་པ་བསྒྲུབ་ནས་བཅོས་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། རོགས་ལས་གཞོགས་འདེགས་ལ་ཤུགས་སྣོན་པ་དང་ཁུལ་དང་རྫོང་སྲིད་གཞུང་། ལས་རིགས་སྡེ་ཁག་དང་ཁེ་ལས་ཀྱིས་མཉམ་བཅོས་དང་མཉམ་སྒྲུབ་འགག་སྒྲོལ་བྱས་ཏེ་ནུས་ཤུགས་གཅིག་སྒྲིལ་གྱིས་ཚེ་ཐར་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི"ཉིན་བརྒྱ་གཉིས་ཀྱི་འགག་སྒྲོལ་འགུལ་སྐྱོད"སྤེལ་ནས་གཏེར་ཁའི་དོང་སྐོང་དང་རྩྭ་འདེབས་སྔོ་ལྗང་སླར་གསོའི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་དགོས་ཟེར།
ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་མ་རུའུ་ཞང་། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། རྐང་ཚ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་དང་དེ་བཞིན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཆིན་ཡོན་སྐྱེལ་འདྲེན་སྡེ་ཚོགས། ནུབ་མཚོ་རྡོ་སོལ་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་བ་བཅས་སོ་སོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注