ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་ཆེད་དོན་དཔྱད་གླེང་འཛིན་གྲྭ་འཚོགས་མགོ་བརྩམས།

ཟླ4ཚེས16ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་འགན་སྒྲུབ་བྱས་པའི་སྐབས་གསུམ་པའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་ཆེད་དོན་དཔྱད་གླེང་འཛིན་གྲྭ་འཚོགས་མགོ་བརྩམས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོའི་སྲིད་གྲོས་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་བཞི་བཅུས་དུས་ཡུན་ཉིན་བཅུའི་རིང་གི་གསོ་སྦྱོང་དང་ལེན་བྱས།

ཐེངས་འདིའི་གསོ་སྦྱོང་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དེ་ཆབ་སྲིད་ཀྱི་ཐོག་མའི་ལས་འགན་དུ་བརྩི་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་འགན་སྒྲུབ་དགོས་མཁོར་དམིགས་པ་དང་།  ཆེད་ལས་བྱང་ཚད་དང་བསམ་གཞིགས་བྱེད་ནུས། ལག་ལེན་ཆུ་ཚད་བཅས་ཇེ་མཐོར་གཏོང་བར་དམིགས་ཏེ། ཞིང་ཆེན་ནང་ཁུལ་གྱི་གསོ་སྦྱོང་དང་ཡུལ་གཞན་གསོ་སྦྱོང་ཟུང་འབྲེལ་བྱེད་པ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐབས་ལམ་སྤྱོད་པ་དང་། ཆེད་དོན་སྐྱོར་ཁྲིད་དང་། ཡུལ་དངོས་སློབ་ཁྲིད། གྲོས་མོལ་བརྗེ་རེས་སོགས་ཀྱི་རྣམ་པ་ཕྱོགས་སྡུས་བེད་སྤྱོད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་བྱ་བ། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་དང་ལག་ལེན། སྤྱི་ཚོགས་རིང་ལུགས་དམངས་གཙོ་གྲོས་མོལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་སོགས་ལ་གཞིགས་ནས་གསོ་སྦྱོང་སྤེལ་རྒྱུ་རེད། སློབ་གསོས་སྣེ་ཁྲིད་དེ་གསོ་སྦྱོང་སློབ་མས་སྤྱི་ཡོངས་འདུ་ཤེས་དང་འཕེལ་རྒྱས་འདུ་ཤེས་བརྟན་པོར་འཛུགས་པ་དང་། འགན་སྒྲུབ་ནུས་པ་དང་ཞབས་ཞུའི་ཆུ་ཚད་དངོས་གནས་ཇེ་མཐོར་བཏང་ནས། བསམ་བློ་དང་ནུས་པ། འགུལ་སྐྱོད་བཅས་ཀྱི་སྟེང་ནས་ཏང་ཨུའི་ཇུས་ཆོད་བླང་བྱའི་རྗེས་ཆོད་པར་བྱེད་པ་དང་། དུས་རབས་ཀྱི་མདུན་སྐྱོད་གོམ་བགྲོས་ཀྱི་རྗེས་ཆོད་པར་བྱེད་པ། ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོའི་རྗེས་ཆོད་པར་བྱེད་རྒྱུ་རེད།

ཚང་མས་གཅིག་གྱུར་གྱིས་བལྟས་ན། གོ་སྐབས་དམ་འཛིན་བྱས་ཏེ་གསོ་སྦྱོང་སློབ་མའི་འདུ་ཤེས་བཅངས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སློབ་སྦྱོང་གསོ་སྦྱོང་བྱ་བའི་སྒྲིག་ཁྲིམས་བླང་བྱ་དངོས་འབེབས་ནན་མོ་བྱེད་དགོས་ཤིང་། སེམས་ལྷོད་པོས་སློབ་སྦྱོང་ནན་ཏན་བྱེད་པ་དང་། གཞུང་ལུགས་སྲིད་ཇུས་དང་ལས་གཉེར་ཤེས་བྱ་ལས་དོན་ཡག་པོར་སྒྲུབ་པའི་དོན་དངོས་འཇོན་ཐང་དུ་འགྱུར་བར་འབད་པ་བྱས་ཏེ་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་བྱ་བ་སྤུས་འདེགས་ནུས་སྤེལ་ཐུབ་པར་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号