མཚོ་སྔོན་གྱིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་ནས་མཐོ་རུ་གཏང་རྒྱུ་རེད།

 ཉེ་ལམ།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྡ་ཐོ་བཏང་ནས། 2025ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་སྟེ། ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་ད་ལྟ་སྤྱོད་བཞིན་པའི་མི་རེར་སྒོར1880ནས་མི་རེར་སྒོར2080བར་ལེགས་སྒྲིག་བྱས་པ་དང་འཕར་ཚད10.6%ཡིན་པ་དང་། དུས་ཚོད་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་མི་རེར་སྒོར18ནས་མི་རེར་སྒོར20ལ་ལེགས་སྒྲིག་བྱས་ནས་འཕར་ཚད11%ཟིན་ཡོད་པ་རེད།

གླ་ཕོགས་དམའ་ཤོས་ཀྱི་ལམ་ལུགས་ནི་ངལ་རྩོལ་འགན་སྲུང་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་མངའ་ཁོངས་ཀྱི་ཁེ་ལས་དང་དམངས་གཉེར་ཁེ་ལས་མིན་པའི་ལས་ཁུངས། མི་བཀོལ་སྤྱོད་བྱེད་བཞིན་པའི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་བར་དུ་ངལ་རྩོལ་འབྲེལ་བ་བཙུགས་པའི་ངལ་རྩོལ་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་ལས་དོན་ལས་ཁུངས། སྤྱི་ཚོགས་ཚོགས་པ་བཅས་ཀྱི་བར་དུ་ངལ་རྩོལ་གྱི་འབྲེལ་བ་བཙུགས་པའི་ངལ་རྩོལ་པར་སྤྱད་ཆོག་པ་རེད།  ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ངལ་རྩོལ་པར་སྤྱད་ཆོག་པ་དང་། ཆུ་ཚོད་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ནི་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་ངལ་རྩོལ་པར་སྤྱད་ཆོག  ཐེངས་འདིའི་ལེགས་སྒྲིག་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཞིབ་ཕྲའི་བླང་བྱ་གཞིར་བཟུང་སྟེ།  ཕྱོགས་ཡོངས་ནས་བརྟག་ཞིབ་དཔྱད་དཔོག་དང་ཚོད་རྩིས་དབྱེ་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ལས་བཟོ་པའི་ཆ་སྙོམས་གླ་ཕོགས།  གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་སོང་གི་ཆུ་ཚད་སོགས་འགྱུར་ལྡོག་གནས་ཚུལ་ལ་གཅིག་གྱུར་འཆར་འགོད་བྱས་རྗེས་སྤེལ་བ་ཞིག་ཡིན་ལ།  གླ་ཕོགས་དམའ་ཤོས་ཀྱི་ལམ་ལུགས་བཙུགས་པའི་ཚུན་དུ་ཞིང་ཆེན་ཡོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་དང་མཐོ་རུ་གཏོང་ཐེངས་བཅུ་གཉིས་པའང་ཡིན་ཞིང་། དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡོང་འབབ་དམའ་བའི་རྒྱ་ཆེའི་ངལ་རྩོལ་པར་ཐུགས་ཁུར་བྱེད་བཞིན་པ་མཚོན་ལ། མི་བཀོལ་སྤྱོད་བྱེད་པའི་ལས་ཁུངས་ཀྱིས་བཟོ་བ་བཀོལ་སྤྱོད་བྱེད་སྟངས་ཚད་ལྡན་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ལྡན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号