མཚོ་བྱང་ཁུལ་གྱི་ཆུ་མཚེའུ་དཔོན་ལམ་ལུགས་བྱ་བ་བསྟུད་མར་ལོ་གཉིས་ལ་ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་ཁྲོད་ཕུལ་བྱུང་རིམ་པར་བདམས།
ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཆུ་མཚེའུ་དཔོན་ལམ་ལུགས་མགོ་ཁྲིད་ཚན་ཆུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཁྱོན་ཡོངས་ནས་ཆུ་མཚེའུ་དཔོན་ལམ་ལུགས་བྱ་བ་ཁྱབ་གདལ་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད2024ལོའི་ལོ་འཁོར་མོའི་ཞིང་ཆེན་ཡོངས་ཀྱི་ཆུ་མཚེའུ་དཔོན་ལམ་ལུགས་བྱ་བའི་དཔྱད་ཞིབ་མཇུག་འབྲས་སྐོར་གྱི་ཁྱབ་བརྡ》(མཚོ་སྔོན་ཆུ་མཚེའུ་ཚན་ཆུང(2025)ཨང1པོ)པར་འགྲེམས་བྱས་ཤིང་། མཚོ་བྱང་ཁུལ་གྱི2024ལོའི་ཆུ་མཚེའུ་དཔོན་ལམ་ལུགས་བྱ་བའི་དཔྱད་ཞིབ་ཁྲོད་ཕུལ་བྱུང་རིམ་པར་བདམས་ལ། དེ་ནི་མཚོ་བྱང་ཁུལ་ལ་བསྟུད་མར་ལོ་གཉིས་ལ་གཟི་བརྗིད་མཚན་སྙན་ཐོབ་པ་ཡིན་ཞིང་། དེས་མཚོ་བྱང་ཁུལ་གྱིས་ཆུ་མཚེའུ་བཅོས་སྐྱོང་ཐད་རྒྱུན་མཐུད་སྒོས་གྲུབ་འབྲས་མངོན་གསལ་དོད་པོ་བླངས་པ་མཚོན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注