གཅན་ཚ་དང་ཧྭ་ལུང་རྫོང་གཉིས་ཀྱིས་ས་ཁོངས་གཞི་གཅིག་ཅན་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།
ཟླ3པའི་ཚེས28ཉིན། གཅན་ཚ་དང་ཧྭ་ལུང་རྫོང་གཉིས་ཀྱིས་ས་ཁོངས་གཞི་གཅིག་ཅན་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་འཚོགས། ངོ་སྤྲོད་བྱས་པ་ལྟར་ན། གཅན་ཚ་རྫོང་དང་ཧྭ་ལུང་རྫོང་གཉིས་རི་རྒྱུད་དང་ཆུ་རྒྱུན་འབྲེལ་ཞིང་། རིག་གནས་མཉམ་དུ་འདྲེས་ཡོད་པས། དུས་ཡུན་རིང་བོར་ས་གནས་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས། སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཐད་སེམས་དང་ཁ་ཕྱོགས་གཅིག་མཐུན་དང་། གནད་དོན་གཅིག་མཐུན་ལ་ལན་འདེབས་བཞིན་ཡོད། དེར་བརྟེན་ས་གནས་གཉིས་ཀྱིས“གཞི་གཅིག་ཅན་གྱི”མཐུན་སྦྱོར་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱས་ནས། མཉམ་ལས་གོ་སྐབས་དམ་འཛིན་བྱས་ཏེ་ས་ཁོངས་དཔལ་འབྱོར་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཆུ་ཚད་ཆེ་རུ་གཏོང་བ། དཔལ་འབྱོར་གྱི་འཕར་སྣེ་གསར་པ་གསོ་སྐྱོང་དང་ཆགས་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་དང་ཐ་ན་མཐོ་སྒང་ས་ཁུལ་དང་མི་རིགས་ས་ཁུལ། ས་ཁོངས་གཞི་གཅིག་ཅན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ལས་གཞི་བསྐྲུན་རྒྱུ་རེད། རྒྱུས་ལོན་བྱས་པ་ལྟར་ན། ད་ལོར་གཅན་ཚ་རྫོང་དང་ཧྭ་ལུང་རྫོང་གཉིས་ཀྱིས་རྨ་ཆུ་འབྲེལ་ཐག་བྱས་ཏེ། ཏང་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་འཛུགས་སྐྲུན། དམངས་འཚོ་འགན་སྲུང་སོགས་མཉམ་ལས་ཆེན་པོ་བརྒྱད་ལ་དམིགས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། རྨ་ཆུའི་རྒྱུད་ཀྱི་རིག་གནས་ཡུལ་སྐོར། ཁྱད་ལྡན་འདེབས་གསོ་ཐོན་ལས་གསོ་སྐྱོང་། ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་ལས་སྣོན་ཞིབ་བཟོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན། ཆོས་ལུགས་ལས་དོན་དོ་དམ་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ “ཏང་འཛུགས་སྐྲུན་མཉམ་འབྲེལ་སྒྲིག་གཞི།” དང་“ཐོན་ལས་འཕེལ་རྒྱས་སྒྲིག་གཞི།” “བཙོས་སྐྱོང་ཐུན་མོང་སྒྲིག་གཞི།”བཅས་སྐོར་ཞིག་གསར་གཏོད་དང་འཛུགས་སྐྲུན་བྱས་ནས། གཅན་ཚ་དང་ཧྭ་ལུང་གི་ཁྱད་ཆོས་ལྡན་པའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་བསྐྲུན་ཡོད། དེ་དང་ཆབས་ཅིག་གཅན་ཚ་རྫོང་དང་ཧྭ་ལུང་རྫོང་གིས་མཉམ་དུ་རྨ་ཆུའི་འབབ་རྒྱུད་ཀྱི་ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་གཞི་བསྐྲུན་རྒྱུ་རེད། རྨ་ཆུའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ཆེ་རུ་གཏོང་བ་དང་། “གཅན་ཚ--ཧྭ་ལུང”གི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་ཁག་གཅིག་གསར་སྤེལ་དང་གསར་གཏོད། ཞིང་རའི་ཕྱོགས་བསྡུས་དང་སྤུས་ལེགས་དམངས་སྲོལ་དམངས་ཤག་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ཁག་ཅིག་གསོ་སྐྱོང་བྱས་ཏེ རྨ་ཆུའི་འགྲམ་གཉིས་སུ་མུ་འབྲེལ་རིག་རྩལ་བྱ་འགུལ་སྤེལ་ནས།“ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས། ཐོན་ལས”བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་བ། རྨ་ཆུའི་སྟོད་རྒྱུད་མི་རིགས་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་དཔེ་གཞི་སྐྲུན་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞི་འདིང་ཞིང་ཡུན་རིང་ལ་ཕན་པ་བཅས་ཀྱི་དམངས་ཕན་ལས་གཞི་ཁག་ཅིག་ཧུར་ཐག་གིས་འཆར་འགོད་ཧུར་ཐག་བྱས་ཏེ།“མཉམ་དུ་འཆར་འགོད་བྱེད་པ་དང་། ཁག་དགར་ནས་ལག་བསྟར་བྱེད་པའི”བྱ་བའི་བྱེད་སྟངས་ལ་བརྟེན་ནས། གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕན་འབྲས་གསར་པ་ཐོབ་པར་བརྩོན་ལེན་བྱ་རྒྱུ་རེད།
ཟླ3པའི་ཚེས28ཉིན། གཅན་ཚ་དང་ཧྭ་ལུང་རྫོང་གཉིས་ཀྱིས་ས་ཁོངས་གཞི་གཅིག་ཅན་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་འཚོགས། ངོ་སྤྲོད་བྱས་པ་ལྟར་ན། གཅན་ཚ་རྫོང་དང་ཧྭ་ལུང་རྫོང་གཉིས་རི་རྒྱུད་དང་ཆུ་རྒྱུན་འབྲེལ་ཞིང་། རིག་གནས་མཉམ་དུ་འདྲེས་ཡོད་པས། དུས་ཡུན་རིང་བོར་ས་གནས་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས། སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཐད་སེམས་དང་ཁ་ཕྱོགས་གཅིག་མཐུན་དང་། གནད་དོན་གཅིག་མཐུན་ལ་ལན་འདེབས་བཞིན་ཡོད། དེར་བརྟེན་ས་གནས་གཉིས་ཀྱིས“གཞི་གཅིག་ཅན་གྱི”མཐུན་སྦྱོར་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱས་ནས། མཉམ་ལས་གོ་སྐབས་དམ་འཛིན་བྱས་ཏེ་ས་ཁོངས་དཔལ་འབྱོར་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཆུ་ཚད་ཆེ་རུ་གཏོང་བ། དཔལ་འབྱོར་གྱི་འཕར་སྣེ་གསར་པ་གསོ་སྐྱོང་དང་ཆགས་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་དང་ཐ་ན་མཐོ་སྒང་ས་ཁུལ་དང་མི་རིགས་ས་ཁུལ། ས་ཁོངས་གཞི་གཅིག་ཅན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ལས་གཞི་བསྐྲུན་རྒྱུ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ད་ལོར་གཅན་ཚ་རྫོང་དང་ཧྭ་ལུང་རྫོང་གཉིས་ཀྱིས་རྨ་ཆུ་འབྲེལ་ཐག་བྱས་ཏེ། ཏང་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་འཛུགས་སྐྲུན། དམངས་འཚོ་འགན་སྲུང་སོགས་མཉམ་ལས་ཆེན་པོ་བརྒྱད་ལ་དམིགས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། རྨ་ཆུའི་རྒྱུད་ཀྱི་རིག་གནས་ཡུལ་སྐོར། ཁྱད་ལྡན་འདེབས་གསོ་ཐོན་ལས་གསོ་སྐྱོང་། ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་ལས་སྣོན་ཞིབ་བཟོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན། ཆོས་ལུགས་ལས་དོན་དོ་དམ་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ “ཏང་འཛུགས་སྐྲུན་མཉམ་འབྲེལ་སྒྲིག་གཞི།” དང་“ཐོན་ལས་འཕེལ་རྒྱས་སྒྲིག་གཞི།” “བཙོས་སྐྱོང་ཐུན་མོང་སྒྲིག་གཞི།”བཅས་སྐོར་ཞིག་གསར་གཏོད་དང་འཛུགས་སྐྲུན་བྱས་ནས། གཅན་ཚ་དང་ཧྭ་ལུང་གི་ཁྱད་ཆོས་ལྡན་པའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་བསྐྲུན་ཡོད།
དེ་དང་ཆབས་ཅིག་གཅན་ཚ་རྫོང་དང་ཧྭ་ལུང་རྫོང་གིས་མཉམ་དུ་རྨ་ཆུའི་འབབ་རྒྱུད་ཀྱི་ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་གཞི་བསྐྲུན་རྒྱུ་རེད། རྨ་ཆུའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ཆེ་རུ་གཏོང་བ་དང་། “གཅན་ཚ--ཧྭ་ལུང”གི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་ཁག་གཅིག་གསར་སྤེལ་དང་གསར་གཏོད། ཞིང་རའི་ཕྱོགས་བསྡུས་དང་སྤུས་ལེགས་དམངས་སྲོལ་དམངས་ཤག་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ཁག་ཅིག་གསོ་སྐྱོང་བྱས་ཏེ རྨ་ཆུའི་འགྲམ་གཉིས་སུ་མུ་འབྲེལ་རིག་རྩལ་བྱ་འགུལ་སྤེལ་ནས།“ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས། ཐོན་ལས”བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་བ། རྨ་ཆུའི་སྟོད་རྒྱུད་མི་རིགས་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་དཔེ་གཞི་སྐྲུན་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞི་འདིང་ཞིང་ཡུན་རིང་ལ་ཕན་པ་བཅས་ཀྱི་དམངས་ཕན་ལས་གཞི་ཁག་ཅིག་ཧུར་ཐག་གིས་འཆར་འགོད་ཧུར་ཐག་བྱས་ཏེ།“མཉམ་དུ་འཆར་འགོད་བྱེད་པ་དང་། ཁག་དགར་ནས་ལག་བསྟར་བྱེད་པའི”བྱ་བའི་བྱེད་སྟངས་ལ་བརྟེན་ནས། གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕན་འབྲས་གསར་པ་ཐོབ་པར་བརྩོན་ལེན་བྱ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注