རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བདེ་འཇགས་སློབ་གསོའི་གཟའ་འཁོར་གྱི་བྱ་འགུལ་སྤེལ་མགོ་བརྩམས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ3པའི་ཚེས31ཉིན་ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་སུམ་ཅུ་པ་ཡིན། ས་གནས་སོ་སོས་བདེ་འཇགས་སློབ་གསོའི་བྱ་འགུལ་ལེགས་པོར་སྤེལ་བར་མཛུབ་སྟོན་བྱ་ཆེད། སློབ་གསོ་པུའུ་གཞུང་ལས་ཐིང་གིས་བརྡ་ཐོ་དཔར་འགྲེམ་བྱས་ཏེ། ཟླ3པའི་ཚེས31ཉིན་ནས་ཟླ4པའི་ཚེས3ཉིན་བར་དུ། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བདེ་འཇགས་སློབ་གསོའི་གཟའ་འཁོར་གྱི་བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་དགོས།
བརྡ་སྦྱོར་ལས་ས་གནས་སོ་སོས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱེད་པའི་ཐབས་ལམ་བརྒྱུད་དེ། རིགས་སོ་སོའི་བདེ་འཇགས་བརྗོད་དོན་སློབ་གསོ་རྒྱ་ཁྱབ་ངང་སྤེལ་དགོས་ཤིང་། གསར་གཏོད་དང་བྱིངས་སིམ་རྣམ་པ། མྱོང་རོལ་རྣམ་པ་བཅས་ཀྱི་བྱ་འགུལ་འཚོལ་ཞིབ་བྱས་ཏེ། བདེ་འཇགས་སློབ་གསོའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཇེ་མཐོར་གཏོང་བར་ཤུགས་རྒྱག་དགོས་པའི་བླང་བྱ་བཏོན།
རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོའི་བརྗོད་དོན་བྱ་འགུལ་ཉེ་ལམ་པེ་ཅིན་གྲོང་ཁྱེར་མིན་ཐོའུ་ཀོའུ་ཆུས་མིའོ་ཧྥེང་རི་བོའི་མི་རིགས་སློབ་གྲྭ་རུ་སྤེལ། སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད་རྒྱུར། ས་གནས་སོ་སོས་རྒྱུན་རྣམ་དང་ཡུན་ཕན་ལ་དམིགས་ཏེ། སྣང་ཚུལ་ལད་ཟློས་དང་། མཚོན་དཔེ་དབྱེ་ཞིབ། ལག་ལེན་མྱོང་རོལ། རོལ་རྩེད་ཟུང་འཇུག་སོགས་ཀྱི་རྣམ་པས། བདེ་འཇགས་སློབ་གསོ་དེ་ཕྱོགས་ཡོངས་ནས་བསླབ་ཚན་མ་ལག་ཁྲོད་འདྲེས་པར་བྱས་ནས། བདེ་འཇགས་སློབ་གསོའི"སྤུས་ལེགས་བསླབ་ཚན"ལེགས་པོར་ཁྲིད་དགོས། བརྙན་ཟློས་དང་འགུལ་རིས། VRམྱོང་རོལ། དྲིལ་སྒྲོག་ལག་དེབ་སོགས་ཀྱི་རྣམ་པ་བཀོལ་སྤྱོད་བྱས་ཏེ། སྤུས་དག་བདེ་འཇགས་སློབ་གསོའི་གྲངས་འཛིན་ཐོན་ཁུངས་གསར་སྤེལ་བྱེད་པ་དང་། བདེ་འཇགས་སློབ་གསོས་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། སློབ་གྲྭའི་བར་དང་ཁྱབ་ཁོངས་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་མཐུན་སྦྱོར་སྒོས་མི་སྣ་གསོ་སྐྱོང་བྱེད་པའི་ཕན་ནུས་འདོན་སྤེལ་བྱེད་དགོས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注