༄༅།།འཐུས་མི་ཧྥེ་ཧུང་ཞ་ཡིས་གསུངས་དོན། དམའ་རིམ་སློབ་འབྲིང་གི་སློབ་མའི་བརྟག་ཞིབ་གྲུབ་འབྲས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོར་འཇུག་དགོས།
དམའ་རིམ་སློབ་འབྲིང་གི་སློབ་མའི་བརྟག་ཞིབ་གྲུབ་འབྲས་དེ་ཡང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོར་བཅུག་ན་འགྲིག་གམ།
དོན་དངོས་ལ་གོ་སྐོན་ནུས་པ་ཆེ་ཤོས་ལྡན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧྲི་ཅ་ཀྲོང་ཕྱི་རྒྱལ་སྐད་ཡིག་སློབ་གྲྭའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཧྥེ་ཧུང་ཞ་ཡིས་དཔེ་ཞིག་དྲངས་གནང་ཞིང་། སློབ་གྲྭ་དེའི་དམའ་འབྲིང་ལོ་རིམ་དང་པོའི་སློབ་མས་སྡེ་ཁུལ་དུ་བསྐྱོད་ནས་གློག་སྒུལ་རྐང་འཁོར་གྱི་གློག་གསོག་སྒྲིག་ཆས་དང་གློག་གསོག་ས་ཚིགས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། ཚད་ལྡན་གྱི་སྒྲིག་ཆས་དང་གྲངས་འབོར་བགོ་སྒྲིག་སོགས་ཀྱི་བསམ་འཆར་མི་དམངས་འཐུས་ཚོགས་ཀྱི་གྲོས་འགོར་འཇུག་རྒྱུ་མ་ཟད། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་དེ་དམངས་ཕན་གྱི་བྱེད་ཐབས་སུ་བསྒྱུར་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས་པ་བཏོན་གནང་ཡོད།
སློབ་གསོའི་ལས་དོན་སྤེལ་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཧྥེ་ཧུང་ཞ་ཡིས“ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང”བྱེད་པའི་འགན་འཁྲི་ལྕི་པོ་ཡིན་པ་མྱོང་ཚོར་ཟབ་མོ་བྱུང་བས། ཁོང་གིས་བྱེད་ཐབས་གསར་གཏོད་རྒྱུན་ཆད་མེད་པར་བྱས་ཏེ། “ལམ་ལུགས་ཀྱི་གདེང་ཚོད་དེ་གཞོན་ནུ་ལོ་ཆུང་གི་སེམས་སུ་གཏིང་ཟབ་ཟུག་པས། དེ་ངའི་ངོས་ནས་བརྗོད་ན། སྤོབས་པ་སྐྱེ་འོས་པའི་རང་འགན་གཙང་སྒྲུབ་བྱས་པ་ཞིག་ཡིན”ཞེས་གསུངས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注