བོད་ལྗོངས་སུ་མ་དངུལ་སྒོར་དུང་ཕྱུར་2030གཏོང་རྒྱུ་རེད་འདུག
འདི་ལོ་བོད་ལྗོངས་ཀྱི་འཆར་གཞིའི་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་170ཡོད་ཅིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་2030བཏང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་ཡང་གསར་འགོད་པས་མཉེས་ཐང་ཟམ་ཆེན་གྱི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་ནས་མཐོང་གསལ་ལ་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་ཏུ་ཨར་ལས་འཕྲུལ་ཆས་ཀྱི་འུར་སྒྲ་གྲགས་ཤིང་ལས་མི་རྣམས་ཚ་ཚ་འུར་འུར་གྱིས་ལས་ལ་བྲེལ་བཞིན་ཡོད་པ་དང་། རྣམ་གྲངས་དེར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་3.94བཏང་ཞིང་། འཛུགས་སྐྲུན་ཟིན་རྗེས་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་སྟག་གདོང་དང་མཉེས་ཐང་བཟོ་ལས་གླིང་ཁུལ་གྱི་འགྲིམ་འགྲུལ་སྦྲེལ་མཐུད་ཐུབ་རྒྱུ་ཡིན་པ་རེད།
གཞན་ཡང་གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་1པོ་ནས་2པའི་བར། བོད་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བསྐྱར་དུ་ལས་འགོ་འཛུགས་ཚད་བརྒྱ་ཆ་80.2ཟིན་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་《སྤྱི་ལོ་2025ལོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འཆར་གཞི་》ཞེས་པ་དཔར་འགྲེམས་བྱས་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་ཁ་གསལ་དང་བྱ་ཐབས་ཞིབ་ཕྲ་བཟོས་ཐོག་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注