ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་དག་གིས་མྱུར་མོར་འབར་མ་དང་ཐེ་གོའི་ས་ཡོམ་བྱུང་སར་རོགས་འདེགས་བྱེད་པར་འཐད་པ་བྱུང་།
ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཟླ3པའི་ཚེས30ཉིན་བྲེལ་མྱུར་གྱི་བརྙན་རིས་གྲོས་ཚོགས་བསྡུས་ཏེ། མཉམ་དུ་འབར་མ་དང་ཐེ་གོ་སོགས་ས་ཡོམ་དྲག་པོ་བྱུང་བའི་ས་ཁུལ་མང་བོར་མྱུར་དུ་རོགས་འདེགས་བྱེད་པའི་ཐད་ནས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་རྒྱུར་འཐད་པ་བྱུང་ཡོད།
ཐེངས་འདིའི་གྲོས་ཚོགས་ལ2025ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མཱ་ལེ་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་མགོ་འཛིན་བྱས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་ནམ་འཐུས་མི་གྲོས་ཚོགས་ལ་ཞུགས་ཡོད་ལ། ཨེ་ཤཱ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ། ཏུང་ཏིས་ཝུན་གྱི་ཕྱི་འབྲེལ་བློན་ཆེན་དེ་ལྟ་ཞིབ་པའི་ཐོབ་ཐང་གིས་གྲོས་ཚོགས་ལ་ཞུགས།
ཚོགས་འདུའི་རྗེས་སུ་སྤེལ་བའི་གསལ་སྒྲོག་ལྟན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་འབར་མ་དང་ཐེ་གོ་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། གནོད་ཐེབས་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད། གྲོས་ཚོགས་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་བྲེལ་མྱུར་འཕྲལ་བསྟུན་དཔྱད་འཇོག་ཚན་ཆུང་བཀོད་སྒྲིག་བྱེད་པ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གནོད་འཚེའི་བྲེལ་མྱུར་རྒུད་སྐྱོབ་དངོས་རྫས་ཀྱི་སྐྱེལ་འདྲེན་མ་ལག་བེད་སྤྱོད་བྱེད་མགོ་རྩོམ་དགོས་པར་མ་ཟད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་མཐུན་སྦྱོར་ལྟེ་གནས་ཀྱིས་གཅིག་གྱུར་མཐུན་སྦྱོར་བྱེད་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་དུས་བཅད་ལྟར་གནས་བབ་གསར་བ་སྙན་ཞུ་བྱེད་པར་འཐད་པ་བྱུང་།
འབར་མ་རུ་ཚེས28ཉིན་ཚད་རིམ་བདུན་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་ནས། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཚབས་ཆེན་བཟོས། འབར་མའི་ཉེ་འདབས་སུ་ཡོད་པའི་ཐེ་གོ་སོགས་ས་ཁུལ་མང་བོར་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་བ་དང་། ཚད་མི་འདྲ་བའི་མི་སྣའི་ཤི་རྨས་ཐེབས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注