དབྱི་ལིང་ཙུང་ཐུང་གིས་བརྒྱུད་པའི་གྲོས་མོལ་སྒོ་འབྱེད་བྱས་ཡོད་པ་དང་གྲོས་མོལ་གྱི་མདུན་ལྗོངས་དེ་ཨ་མེ་རི་ཁའི་འགུལ་སྐྱོད་ལ་རག་ལས་ཡོད་པའི་ཚུལ་བསྟན།

དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས30ཉིན་བསྟན་དོན། ཨ་མན་བརྒྱུད་དེ་ཨ་མེ་རི་ཁར་འཕྲིན་ལན་བསྐུར་ནས་ཨ་མེ་རི་ཁའི་བར་ཐད་ཀར་གྲོས་མོལ་བྱེད་རྒྱུ་ཁས་ལེན་མ་བྱས་ཀྱང་། བརྒྱུད་པའི་གྲོས་མོལ་སྒོ་འབྱེད་བྱས་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱི་འགུལ་སྐྱོད་དེས་གྲོས་མོལ་གྱི་མདུན་ལྗོངས་ཐག་གཅོད་བྱེད་ཐུབ་ཟེར།

དབྱི་ལིང་གི་ཙུང་ཐུང་བཞུགས་ཤག་གིས་ཚེས30ཉིན་གསལ་སྒྲོག་སྤེལ་ཏེ། ཕའེ་ཙེ་ཞི་ཆི་དབྱང་གིས་ཉིན་དེའི་ནེ་ཀིའི་གྲོས་ཚོགས་སྟེང་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་ནན་གྱིས་བསྟན་དོན། དབྱི་ལིང་ནམ་ཡང་གྲོས་མོལ་ལ་གཡོལ་མ་མྱོང་ཡང་། དམ་བཅའ་དང་འགལ་བའི་བྱ་སྤྱོད་ལས་གྲོས་མོལ་ལ་བཀག་རྒྱ་བཟས་ཡོད་པས། ཨ་མེ་རི་ཁའི་འགུལ་སྐྱོད་ཀྱིས་གྲོས་མོལ་གྱི་མདུན་ལྗོངས་ཐག་གཅོད་བྱེད་ཐུབ་ཟེར།

དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཧཱ་ཅེ་ལཱ་ནེ་ཡིས་ཀྱང་ཉིན་དེར་གནས་ཚུལ་སྤེལ་ཏེ། ཨ་མེ་རི་ཁའི་བར་བརྒྱུད་པའི་གྲོས་མོལ་བྱེད་པ་དེ་ཉིན་རིམ་སྟེང་བཞག་ཡོད་ལ། ཕྱི་འབྲེལ་གྱི་འཕེལ་རིམ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཟླ་འདིའི་ཚེས7ཉིན་བཏང་བའི་བཅར་འདྲིའི་ཁྲོད་ནས་བསྟན་དོན། ཁོས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ལ་འཕྲིན་ཡིག་བསྐུར་ནས་དབྱི་ལིང་ཕྱོགས་ཀྱིས་ཉིང་རྡུལ་ནུས་པའི་མཚོན་ཆའི་འཆར་གཞི་བསྐྱུར་བའི་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号