མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པའི་སྐོར་ཞིབ་རུ་ཁག་ལ་ཨ་ཧྥེ་རི་ཁ་དབུས་མ་ནས་འཇབ་རྒོལ་ཐེབས་ཏེ་ཞི་བདེ་སྲུང་སྐྱོབ་མི་སྣ་གཅིག་རྐྱེན་ལམ་དུ་ཤོར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་ཚེས་ཉེར་དགུ་ཉིན་བདེན་དཔང་བྱས་དོན། གཏན་འཇགས་ཚོགས་པ་དེའི་སྐོར་ཞིབ་རུ་ཁག་ཅིག་ལ་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤར་ལྷོའི་ཕྱོགས་ཀྱི་མུའུ་པའོ་མུའུ་གོང་མ་ཞིང་ཆེན་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཁུན་ནེ་ཡཱའི་ཞི་བདེ་སྲུང་སྐྱོབ་མི་སྣ་གཅིག་རྐྱེན་ལམ་དུ་ཤོར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་ཚེས་ཉེར་དགུ་ཉིན་གནས་ཚུལ་གསལ་བཤད་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མིའམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པའི་ཚོགས་གཙོ་ལུའུ་ཀི་ཝ་པུས་ཀྲ་ཡིས་གསལ་བཤད་ནང་དུ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་ལས་འགན་དུ་བྱས་པའི་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་ཐེབས་པར་ཧ་ལས་པའི་ཚུལ་བསྟན།
ལུའུ་ཀི་ཝ་པུས་ཀྲ་ཡིས་ཨ་ཧྥེ་རི་ཁ་དབུས་མའི་དབང་འཛིན་ལས་ཁུངས་ཀྱིས་མྱུར་མོར་དོན་རྐྱེན་བཟོ་མཁན་བརྩད་གཅོད་བྱས་ཏེ་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་། ལུའུ་ཀི་ཝ་པུས་ཀྲ་ཡིས་བསྟན་དོན། འཇབ་རྒོལ་དེ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པའི་ལས་འགན་ལག་བསྟར་ནུས་པ་ཇེ་ཞན་དུ་གཏོང་བ་དང་། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མེད་པར་གཏོང་ཐབས་མེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་ཀྱི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་བཤད་རྒྱུར། དོན་རྐྱེན་བྱུང་སར་འཕྲལ་མྱུར་ཚན་ཆུང་མངག་ནས་ས་ཁུལ་དེ་བདེ་འཇགས་ལ་འགན་སྲུང་བྱས་ཡོད་ཟེར།
ཨ་ཧྥེ་རི་ཁ་དབུས་མའི་ས་ཁུལ་སྐོར་ཞིག་ཏུ་བདེ་འཇགས་དོན་རྐྱེན་མི་ལེགས་པ་མང་དུ་འབྱུང་བཞིན་ཡོད་པ་དང་། ད་ལོའི་ཟླ་གཉིས་པར། ཐུ་ནི་ཞི་ཡཱའི་ཞི་བདེ་སྲུང་སྐྱོབ་མི་སྣ་གཅིག་ལ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注