སི་ཅི་ཧྲིན“སྨྱུང་གྲོལ་དུས་ཆེན”སླེབས་ལ་ཉེ་སྐབས་འཚམས་འདྲིར་བསྐྱོད།
ཟླ3པའི་ཚེས30ཉིན་ཏེ། སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་སྐབས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་སི་ཅི་ཧྲིན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས། ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོའམ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། ཁུལ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མ་ཁྲེང་ཀོས་ལ་འཚམས་འདྲི་གནང་སྟེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་སེམས་མཚོན་པར་བྱས་ལ། ཁོ་བརྒྱུད་དེ་ཁུལ་ཡོངས་ཀྱི་ཧུའེ་རིགས་དང་ས་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས།
སི་ཅི་ཧྲིན་དང་མ་ཁྲེང་ཀོས་ཀྱིས་བྱམས་བརྩེའི་བཞུགས་མོལ་བརྗེ་རེས་གནང་སྟེ། མཚོ་བྱང་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། མཐུན་སྒྲིལ་བྱས་ནས་ཆོས་ཁང་འཛུགས་པ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཐད་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་གནང་། ཚོགས་གཙོ་མ་ཁྲེང་ཀོས་ཀྱིས་ཁུལ་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ཀྱི་སྡེ་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཆོས་དད་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་བརྩེ་སེམས་ཟབ་མོ་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཚམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱེད་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། “སྤྱི་གླིང་གཉིས་དང་བཙན་ས་གཅིག”དང“ཐོན་ལས་ཀྱི་གནས་བཞི”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་བ་དབུལ་རྒྱུའི་རེ་བ་ཡོད་པར་བཤད།
མ་ཁྲེང་ཀོས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐུགས་ཁུར་དང་བརྩེ་སེམས་ཟབ་མོ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གྱི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤུན་ཟླ་མི་རིགས་སོ་སོ་དང་མཉམ་དུ“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་པར་བཤད།
རྫོང་བཞིས་དུས་མཉམ་དུ་འཚམས་འདྲིའི་བྱེད་སྒོ་སྤེལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注