མཱ་ཁི་ལུང་གིས་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་བརྒྱད་ཉིན་ཕཱ་རེ་སི་ནས་བསྟན་དོན། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་ལ་འཇབ་རྒོལ་བྱས་པ་ནི་དང་ལེན་བྱེད་ཐབས་མེད་པའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ཡོད་ཟེར།

མཱ་ཁི་ལུང་གིས་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བལྟས་ན་དབྱི་སི་རལ་གྱི་ཐེངས་འདིའི་འཇབ་རྒོལ་ནི་ཕྱོགས་གཅིག་གི་འགུལ་སྐྱོད་ཡིན་པ་དང་། རང་གི་དམ་བཅའ་དང་རྒྱབ་འགལ་དུ་སོང་ཡོད་པར་འདོད།

མཱ་ཁི་ལུང་གིས་བཤད་རྒྱུར། ཁོས་མི་འགྱངས་པར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ལ་ཁ་པར་གཏོང་རྒྱུ་ཡིན་ཟེར།

ཨོ་ཨིན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་འཇབ་རྒོལ་བྱས་པ་ལས་ལེ་པཱ་ནུན་དེ་ཡང་བསྐྱར་ཉམ་ངའི་གནས་སུ་ལྷུང་སྲིད་ཟེར།

ལེ་པཱ་ནུན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་ཀྱི་ཐོག་ཁང་ཞིག་ལ་མེ་ཤུགས་འཕུར་མདའ་གཉིས་གཏོང་འཕེན་བྱས་ནས་གཏོར་བཤིག་བཏང་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་པེ་རུ་ཐིའི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྦས་སྐོང་བྱེད་ས་གཙོ་བོ་ཞིག་ལ་འཇབ་རྒོལ་བྱས་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号