དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྱི་བརྒྱུད་པའི་གྲོས་མོལ་དེ་ཉིན་རིམ་ནང་བཞག་ཡོད་པའི་ཚུལ་བསྟན།

དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཧཱ་ཅེ་ལཱ་ནེ་ཡིས་ཚེས30ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁས་ཉེ་སྔོན་སྤེལ་བའི་འཕྲིན་ཡིག་ཐད་ནས་དབྱི་ལིང་གིས་གྲ་སྒྲིག་བཟང་བོ་བྱས་ཡོད་པར་མ་ཟད་འཕྲིན་ལན་སྤྲད་ཡོད་པ་དང་། ཨ་མེ་རི་ཁའི་བར་གྱི་བརྒྱུད་པའི་གྲོས་མོལ་དེ་ཉིན་རིམ་ནང་བཞག་ཡོད་ལ། ཕྱི་འབྲེལ་གྱི་འཕེལ་རིམ་སྔར་བཞིན་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་ཚེས30ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཉེ་སྔོན་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་འཕྲིན་ཡིག་གི་འཕྲིན་ལན་དེ་ཚེས26ཉིན་ཨ་མན་བརྒྱུད་དེ་བསྐུར་ཡོད་པ་དང་། འཕྲིན་ལན་ནང་དུ་དབྱི་ལིང་གི་མིག་སྔའི་གནས་བབ་དང་ཐི་ལིང་ཕུའུ་ཡི་འཕྲིན་ཡིག་ཐད་ཀྱི་ལྟ་བ་གསལ་བཤད་གང་ལེགས་བྱས་ཡོད་ཟེར།

ཨ་ལཱ་ཀི་ཆི་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་གིས་སྔར་བཞིན་བློ་བརྟན་འགྱུར་མེད་སྒོས་ཚད་བརྒལ་གནོན་ཤུགས་དང་དམག་དོན་འཇིགས་སྐུལ་གྱི་ཆ་རྐྱེན་འོག་ཐད་ཀར་གྲོས་མོལ་བྱེད་མི་སྲིད་ཀྱང་། སྔོན་ཆད་བྱུང་མྱོང་བའི་བརྒྱུད་པའི་གྲོས་མོལ་དེ་མུ་མཐུད་དུ་སྤེལ་ཆོག་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号