སྐབས་བཅུ་གསུམ་པའི་ཀྲུང་གོ་དང་འཇར་པན། ཧན་གོག་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ཧན་གོའི་ཧྲིག་ཨར་ནས་བསྡུས།
ཟླ3པའི་ཚེས30ཉིན་སྐབས་བཅུ་གསུམ་པའི་ཀྲུང་གོ་དང་འཇར་པན། ཧན་གོག་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ཧན་གོའི་ཧྲིག་ཨར་ནས་བསྡུས། ཀྲུང་གོའི་ཚོང་དོན་པུའུ་ཀྲང་ཝང་ཝུན་ཐའོ་དང་ཧན་གོའི་ཐོན་ལས་ཚོང་འབྲེལ་ཐོན་ཁུངས་པུའུ་ཡི་དཔོན་པོ་ཨན་ཏི་ཀིན། འཇར་པན་གྱི་དཔལ་འབྱོར་ཐོན་ལས་ཀྱི་བློན་ཆེན་ཝུའུ་ཐིན་རོང་ཀྲི་བཅས་ཀྱིས་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ནས་ཐེངས་དགུ་བའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཀྱི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་ཐུན་མོང་གལ་ཆེན་དངོས་འབེབས་བྱེད་པར་དམིགས་ཤིང་། ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་པ་དང་ས་ཁོངས་དང་ཕྱོགས་མང་བོའི་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་།
ཝང་ཝུན་ཐའོ་ཡིས་བསྟན་དོན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་བར་ཐག་ཉེ་ཞིང་། རིག་གནས་འདྲ་མཚུངས་ཡིན་ལ། ཚོང་ལས་ཀྱི་འབྲེལ་བ་ཡོད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་རྒྱ་ཡན་དུ་འགྲོ་བ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཆེན་པོ་བྱུང་ཡོད། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ནི་ས་ཁོངས་རང་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོགས་པ་གལ་ཆེན་ཡིན་པའི་ཆ་ནས། མཉམ་དུ་རང་དབང་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱོས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། བསྟུད་མར་ས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་ཁ་སྣོན་བྱེད་དགོས་ཟེར། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས། ཧན་གོ་དང་འཇར་པན་འདུས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དག་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་ཟེར།
རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་ཉོ་ཚོང་སྡེ་ཁག་གིས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་རྩ་འཛུགས་དང་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཁྱབ་ཁོངས་དང་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཁོ་འདོན་མུ་འབྲེལ་གྱི་མཉམ་ལས་དང་ཕྱིར་གཏོང་ཚོད་འཛིན་གྲོས་མོལ་ལ་ཤུགས་སྣོན་པ་དང་། གཞི་གྲངས་དཔལ་འབྱོར་དང་ལྷད་མེད་དཔལ་འབྱོར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱ་མཚོའི་དཔལ་འབྱོར་ལག་རྩལ་བརྗེ་རེས་གྲོས་ཚོགས་ཚོགས་ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་ནས་མཉམ་དུ་ཁེ་ལས་ཀྱི་མཉམ་ལས་ཐད་ཚོང་གཉེར་གྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར་གཅིག་གྱུར་འཐད་པ་བྱུང་།
གྲོས་ཚོགས་གྲོལ་རྗེས་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་ཉོ་ཚོང་སྡེ་ཁག་གིས་མཉམ་དུ་ཐེངས་བཅུ་གསུམ་པའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གི་གྲོས་ཚོགས་ཀྱི་མཉམ་འབྲེལ་གསར་འགྱུར་གསལ་སྒྲོག་སྤེལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注