ཧྥ་རན་སི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱེད་མཚམས་བཞག་སྟེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཟླ3པའི་ཚེས30ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ཉིན་དེར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱེད་མཚམས་བཞག་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཀྱང་འཁྲུག་རྩོད་མཚམས་འཇོག་པ་སླར་གསོ་བྱེད་དགོས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མྱུར་མོར་སླར་གསོ་བྱེད་དགོས་ཟེར། ཁོས་བསྐྱར་སྒྲོག་བྱས་དོན། བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ་དང་དབྱི་སི་རལ་གྱི་བདེ་འཇགས་ནི་ཧྥ་རན་སི་ཡིས་ཐོག་མར་བསམ་བློ་གཏོང་བའི་གནད་དོན་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ལ་ཞི་བདེ་དང་བདེ་འཇགས་བསྐྲུན་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། ཁོས་ཁ་པར་གཏོང་སྐབས་ད་རུང་དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས2024ལོའི་ཟླ11པར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་ཏེ། དབྱི་སི་རལ་དང་ལེ་པཱ་ནུན་གྱི་གནས་སྐབས་རྒྱལ་མཚམས་ཕྱོགས་གཉིས་ཀྱི་མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注