ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་འགྲིམ་མཁན་ཚོགས་པ་ཞིག་འཛིན་བཟུང་བྱས།

གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་ས་གནས་དེ་གའི་ཉེན་རྟོག་པས་ཨ་ཆེན་གངས་རྒྱབ་ཏུ་སྐོར་སྲུང་གི་ལས་འགན་སྒྲུབ་སྐབས་མི་25དང་རླངས་འཁོར་11ལས་གྲུབ་པའི་ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་འགྲིམ་མཁན་ཚོགས་པ་ཞིག་འཛིན་བཟུང་བྱས་ཡོད། མིག་སྔར་ཚོགས་པ་དེ་མི་དམངས་ཉེན་རྟོག་པས་བདེ་འཇགས་ངང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་བསྐྱལ་བ་དང་། དེ་རྗེས་ཚོགས་པ་དེར་ཐག་གཅོད་བྱ་རྒྱུ་རེད།

སྐོར་སྲུང་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ་3ཚེས་26ཉིན་གྱི་ཆུ་ཚོད་18ཡས་མས་སུ་ཨ་ཆེན་གངས་རྒྱབ་ཏུ་སྐོར་སྲུང་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པས་ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་འགྲིམ་མཁན་ཚོགས་པ་དེ་ཤེས་རྟོགས་བྱུང་ཡོད། ཚོགས་པ་དེ་ནི་བྱེས་བགྲོད་ལ་དགའ་པོ་བྱེད་མཁན་ལས་གྲུབ་ཅིང་། ཡུལ་སྐོར་དང་མྱུལ་དཔྱད་དམིགས་ཡུལ་བཟུང་ནས་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་ཡོད། སྐོར་སྲུང་ཉེན་རྟོག་པས་སྔོག་བཤེར་ཞིབ་ཕྲ་བྱས་པ་བརྒྱུད། རྐུ་རྔོན་དང་སྔོག་འདོན་ཡོ་བྱད་དང་། བྱེས་སྐྱེས་སྲོག་ཆགས་དང་དེ་འབྲེལ་ཐོན་རྫས་རྙེད་མེད། འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་། ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་འགྲིམ་མཁན་ཚོགས་པ་དེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ལ་རྩིས་སྤྲོད་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号