ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མཚོ་ནག་མཚོ་ཁོངས་ཀྱི་གྲོས་མཐུན་སོགས་གྲོས་གཞིར་གྲོས་བསྡུར་བྱས།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་བརྒྱད་ཉིན་ཁ་པར་གྲོས་མོལ་བྱས་ཏེ། མཚོ་ནག་མཚོ་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་གྲོས་མཐུན་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། མཚོ་ནག་མཚོ་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་གྲོས་མཐུན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། སི་རི་ཡཱའི་གནས་བབ་སོགས་གནད་དོན་ཐད་ནས་བརྗེ་རེས་ཟབ་མོ་བྱས།
ཕུའུ་ཅིན་གྱིས་ད་རུང་ཨེ་ཨར་ཏའོ་ཨན་ལ་ཨུ་རུ་སི་དང་ཨ་མེ་རི་ཁའི་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱེད་པའི་གྲོས་མོལ་གྱི་གྲུབ་འབྲས་མཚམས་སྦྱོར་བྱས་ཤིང་། ཁྱད་པར་དུ་ཨུ་རུ་སི་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ལེ་ཡཱ་ཏི་ནས་གྲོས་མོལ་བྱས་པའི་གནས་ཚུལ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཕན་ཚུན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་མཚམས་འཇོག་པའི་སྐོར་གྱི་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས།
ཨེ་ཨར་ཏའོ་ཨན་གྱིས་ཨུ་རུ་སི་དང་ཨ་མེ་རི་ཁའི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པར་མ་ཟད། ཐུར་ཁེ་ཕྱོགས་ཀྱིས་མཚོ་ནག་མཚོ་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་གྲོས་མཐུན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་པ་ནན་བཤད་བྱས།
ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་མུ་མཐུད་དུ་རིམ་པ་སོ་སོ་ནས་འབྲེལ་འདྲིས་བྱེད་རྒྱུ་ཐག་བཅད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注