ལེ་བར་སྟོང་ལ་བསྐྱོད་དེ། ཁྱིམ་གྱི་སྒོ་ཁ་ནས་ཁྲིམས་ར་འཚོགས་པ།

ཁྲིམས་འཛིན་གྱི་བརྩེ་བ་མངོན་པ་དང་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་འགན་སྲུང་བྱས་ཏེ། གྱོད་གཞི་བདེ་ལེགས་ཀྱིས་ཞིབ་བཤེར་བྱེད་པར་ཁག་ཐེག་བྱ་ཆེད། ཉེ་སྔོན། བང་མ་གཏུགས་ཡུལ་ཨ་ཆེ་གེ་མོར་མགོ་སྐོར་གྱོད་དོན་གྱི་དོགས་གཞི་ཡོད་པས་ས་ཆ་གཞན་ནས་ཁྲིམས་ར་འཚོགས་ནས་ཞིབ་བཤེར་བྱས། ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཁྲི་ཕྲག་འཁུར་དང་མི་ཆོས་ཐུགས་ཁུར་གང་ལེགས་སྒོས་མཚོན་པར། ཞིབ་དཔྱོད་ཁང་དང་ཁྲིམས་ཁང་གིས་རླངས་འཁོར་བསྐོར་ནས་ཕར་འགྲོ་ཚུར་འོང་ལ་སྤྱི་ལེ1000ཡོད་པའི་སར་སོང་སྟེ། ཁྲིམས་ར་འཚོགས་པའི་ཡུལ་དངོས་གཏུགས་ཡུལ་གྱི་ཁྱིམ་གྱི་སྒོ་ཁར་ནས་འཚོགས་པ་དང་། དངོས་ཡོད་འགུལ་སྐྱོད་ཀྱིས་ཁྲིམས་འཛིན་ནི་དམངས་ཀྱི་ཆེད་ཡིན་པའི་དགོངས་པ་ལག་བསྟར་བྱས།

ཞིབ་བཤེར་ཞུ་གཏུགས་དུས་རིམ་ལ། ཞིབ་དཔྱོད་ལས་ཁུངས་ཀྱིས་གཏུགས་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཁྱོན་ཡོངས་དང་ཞིབ་ཕྲའི་སྒོ་ནས་གྱོད་གཞིའི་གནས་ཚུལ་ལ་རྒྱུས་ལོན་དང་། གཏུགས་ཡུལ་ཨ་ཆེ་གེ་མོ་བང་མ་ཡིན་པ་ཤེས་རྗེས། ལུས་པོའི་གནས་ཚུལ་མི་བཟང་བ་དང་ཕྱི་རུ་སོང་ན་སྟབས་བདེ་མིན་པས། གལ་ཏེ་རྒྱུན་ལྡན་གྱི་ཁྲིམས་རའི་འདྲི་གཅོད་སྒྲིག་རིམ་ལྟར་ལག་བསྟར་བྱས་ན། ལུས་སེམས་བདེ་ཐང་ལ་མི་ལེགས་པའི་ཤུགས་རྐྱེན་ངན་པ་ཐེབས་སྲིད། སྤུས་ཚད་མཐོ་བའི་སྒོ་ནས་གྱོད་གཞི་འདི་ལེགས་པོར་བསྒྲུབ་པ་དང་། ཁྲིམས་ལུགས་སྒྲིག་རིམ་གྱི་དྲང་གཞག་ལ་ཁག་ཐེག་དང་དོ་བདག་གི་དམིགས་བསལ་གནས་ཚུལ་ལ་བསམ་བློ་གང་ལེགས་བཏང་ཞིང་། ཞིབ་དཔྱོད་ཁང་དང་ཁྲིམས་ཁང་གཉིས་ཀྱིས་གཟབ་ནན་གྱིས་ཞིབ་འཇུག་བྱས་མཐར། སྐོར་སྐྱོད་ཁྲིམས་རའི་ཞིབ་བཤེར་སྒྲིག་སྲོལ་མགོ་བརྩམས་ནས་དོ་བདག་གི་ཁྱིམ་གྱི་སྒོ་ཁ་ནས་ཁྲིམས་ར་འཚོགས།

ཁྲིམས་ར་འཚོགས་པའི་ཉིན་དེར། ཞིབ་དཔྱོད་དཔོན་དང་ཁྲིམས་དཔོན། ཁྲིམས་ཁང་ཉེན་རྟོག་པ་སོགས་ལས་བྱེད་མི་སྣས་གྲུབ་པའི་ཁྲིམས་རའི་འདྲི་གཅོད་ཚོགས་པས་འབྲེལ་ཡོད་སྒྲིག་ཆས་བཟུང་སྟེ། སྔ་མོ་ནས་ལམ་དུ་ཆས། དུས་ཡུན་རིང་པོའི་ལམ་ལ་བསྐྱོད་དེ་དུས་ལྟར་གཏན་འཁེལ་ས་ཆར་ཐོན། ཁྲིམས་ར་འཚོགས་པའི་གོ་རིམ་ཁྲོད་དུ། གཞུང་གཏུགས་པ་དང་ཁྲིམས་དཔོན་གྱིས་མི་ཆོས་དང་མཐུན་པའི་གྱོད་སྒྲུབ་འདུ་ཤེས་གཏན་དུ་རྒྱུན་འཁྱོངས་བྱས་ཏེ། གཏུགས་ཡུལ་གྱི་ལུས་པོའི་གནས་ཚུལ་ལ་བསམ་བློ་གང་ལེགས་བཏང་བ་དང་། ཁྲིམས་ར་འཚོགས་པའི་དུས་ཚོད་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ནས། ངལ་གསོ་བའི་དུས་ཚོད་འདང་ངེས་ཡོད་པ་ཁག་ཐེག་དང་ཁྲིམས་ར་འཚོགས་པའི་གོ་རིམ་བདེ་འཇགས་དང་གོ་རིམ་ལྡན་པ་ཁག་ཐེག་བྱས། བྱེད་ཐབས་རབ་དང་རིམ་པ་འདི་དག་གིས་ཁྲིམས་འཛིན་ལས་ཁུངས་ཀྱིས་དོ་བདག་ལ་མི་ཆོས་དོ་ཁུར་བྱས་པ་གང་ལེགས་སྒོས་མཚོན་པ་དང་། ཁྲིམས་འཛིན་གྱི་བརྩེ་བ་མངོན་ཡོད། གཞུང་གཏུགས་པས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་དང་། གཟབ་ནན་དང་གོ་རིམ་ཡོད་པའི་སྒོ་ནས་དཔང་རྟགས་འདོན་པ། ངོས་འཛིན་ར་སྤྲོད་བཅས་བྱས་པ་དང་། གྱོད་འཛུགས་བསམ་འཆར་གང་ལེགས་སྒོས་གསལ་འགྲེལ་བྱས། བདེན་དཔང་བརྟན་པོ་དང་གནད་དུ་ཁེལ་བའི་ཁྲིམས་ལུགས་སྤྱད་ནས་འདེགས་སྐྱོར་བྱས་ཏེ། གྱོད་གཞི་རེ་རེ་ཡི་ཞིབ་ཆར་ཁྲིམས་ལུགས་དང་དུས་ཚོད་ཀྱིས་བརྟག་དཔྱད་ཐེག་པར་བྱས་པ་དང་། གྱོད་གཞི་སྒྲུབ་པར་སྤུས་ཚད་མཐོ་བའི་ཕན་འབྲས་མངོན་འགྱུར་བྱས། དུས་མཚུངས་སུ། གཏུགས་ཡུལ་གྱི་ཞུ་གཏུགས་ཀྱི་ཁེ་དབང་ལ་བརྩི་བཀུར་གང་ལེགས་བྱས་པ་དང་། སེམས་རྣལ་མོས་ཞིབ་བརྗོད་དང་གསེད་གྲོལ་ལ་ཉན། ཁྲིམས་ར་འཚོགས་པའི་གོ་རིམ་ཡོངས་ནས་རང་ངོས་ཀྱི་རེ་འདུན་་བཤད་ཆོག་པ་འགན་སྲུང་གང་ལེགས་བྱས། ཁྲིམས་ར་འཚོགས་པའི་གོ་རིམ་ཡོངས་ནས་ཁྲིམས་ལུགས་ཀྱི་དབང་གྲགས་གང་ལེགས་སྒོས་མཚོན་ལ་མི་ཆོས་ཀྱི་བརྩེ་བས་ཁེངས་ཡོད།

དམིགས་བསལ་གྱི་ཁྲིམས་ར་འཚོགས་པ་དེ་ཡིས། ཁྲིམས་ལུགས་ཀྱི་སྒྲིག་རིམ་གཟབ་ནན་གྱིས་སྲུང་འཛིན་བྱས་པ་མ་ཟད།“ཁྲིམས་འཛིན་དམངས་ཀྱི་ཆེད་ཡིན་པ”དང“སྤུས་ཚད་མཐོ་བའི་སྒོ་ནས་གྱོད་གཞི་རེ་རེ་ལེགས་པོར་སྒྲུབ་པ”ཡི་འདུ་ཤེས་དོན་འཁྱོལ་དངོས་སྒྲུབ་བྱས་པ་དང་། ས་གནས་མང་ཚོགས་ཀྱི་བསྟོད་བསྔགས་རྒྱ་ཆེ་ཐོབ་ཅིང་། ས་གནས་མང་ཚོགས་ཀྱིས་ཐག་ཉེ་བའི་སྒོ་ནས་ཁྲིམས་སྐྱོང་སློབ་གསོ་མྱངས་པ་རེད། ཁྲིམས་ལུགས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གང་ལེགས་ཐོབ་ཡོད། ལེ་བར་སྟོང་ལ་བསྐྱོད་ནས་ཁྲིམས་ར་འཚོགས་པ་དེ་ཡིས། ཁྲིམས་འཛིན་མི་སྣའི་སྤྱི་ཚོགས་འགན་འཁྲི་དང་ཁག་ཁུར་མངོན་ཞིང་། དྲོད་ཁོལ་ལྡན་པའི་ཁྲིམས་འཛིན་གྱིས་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་ལ་བརྩི་བཀུར་དང་ཐུགས་ཁུར་བྱས་པ་མངོན་ཡོད། གྱོད་གཞི་དེ་རྒྱལ་ཁའི་ངང་ཞིབ་གཅོད་བྱས་པ་ཡིས་ཁྲིམས་ལུགས་ཀྱི་བརྗིད་ཉམས་སྲུང་སྐྱོབ་བྱས་པར་མ་ཟད། སྤྱི་ཚོགས་ལ་ཁྲིམས་འཛིན་དྲང་གཞག་གི་དཔེ་མཚོན་བཙུགས་པ་རེད།

རྗེས་མར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཞིབ་དཔྱོད་ཁང་གིས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐར་བར་གསུམ་དུ་རྒྱུན་འཁྱོངས་དང་། མུ་མཐུད་ནས་ཁྲིམས་འཛིན་དྲང་གཞག་དང་ཁྲིམས་འཛིན་དམངས་ཀྱི་ཆེད་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མངའ་ཁོངས་བརྒལ་བའི་མཐུན་སྦྱོར་སྒྲིག་སྲོལ་ལ་མུ་མཐུད་ནས་ཤུགས་སྣོན་དང་། བྱ་བའི་བྱེད་ཐབས་གསར་གཏོད་དང་། གྱོད་གཞི་རེ་རེ་སྒྲུབ་པའི་ཁྲོད་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་གཙོ་བོར་འཛིན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་གྱོད་གཞི་རེ་རེ་ལེགས་པོར་སྒྲུབ་པར་བརྩོན་པ་དང་། གཟབ་ནན་སྒོས་ཁྲིམས་སྐྱོང་གྱོད་སྒྲུབ་བྱས་པའི་དུས་མཚུངས་སུ། ཧུར་ཐག་གིས་མང་ཚོགས་ཀྱི་རེ་འདུན་ལ་ལན་སློག་པ་དང་། དངོས་གནས་མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་རེའི”གནད་དོན་ཐག་གཅོད་དང་། ཧུར་ཐག་གིས་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེ་ཁྲོད་འདྲ་མཉམ་དྲང་གཞག་ཚོར་བར་བྱས་པ་དང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་ཞིབ་དཔྱོད་སྟོབས་ཤུགས་མཁོ་འདོན་བྱས། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号