མཚོ་སྔོན་གྱིས་བོད་ལུགས་གསོ་རིག་སྨན་རྫས150སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་འདུག
མཚོ་སྔོན་གསར་འགྱུར་དྲ་བ•རབ་མཛེས་མཚོ་སྔོན་སྤྱོད་སྣེའི་གནས་ཚུལ། ཟླ3པའི་ཚེས25ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས“སྲིད་སྐྱོང་སྟབས་བདེ་དང་དབང་ཆ་སྤྲོད་པ། གཏོང་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་ཀྱི་སྤྱི་ཡོངས་ཀྱི་བླང་བྱ་གཞིར་བཟུང་ནས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ལག་བསྟར་བྱེད་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་གཉེར་སྐྱོང་ཆོག་འཁྲོལ་དོན་ཚན་ཚང་མ“གཉེར་སྐྱོང་འཛིན་ཡིག་དང་གཉེར་སྐྱོང་ཆོག་འཐུས་འཛིན་ཡིག་སོ་སོར་དབྱེ་བའི”བསྒྱུར་བཅོས་ནང་བཅུག་ནས་བརྟན་འཇགས་དང་དྲང་བདེན། དྭངས་གསལ། སྔོན་དཔག་ཐུབ་པའི་ཁྲོམ་རའི་ཆོག་འཐུས་ཁོར་ཡུག་བསྐྲུན་ཡོད།
མི་རིགས་ཀྱི་གསོ་རིག་ཐོན་ལས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་རོགས་རམ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་མི་རིགས་གསོ་རིག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་བཟོས་པ་མ་ཟད། ཞིང་ཆེན་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་དང་། སྨན་བཅོས་འགན་བཅོལ། འཕྲོད་བསྟེན་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་བོད་ལུགས(སོག)གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྨན་སྣ་སྡེབ་སྦྱོར་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་བཟོས་ནས་བོད་(སོག་)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱིས་སྡེབ་སྦྱོར་བྱས་པའི་སྨན་སྣ492དང་བོད་ལུགས་གསོ་རིག་སྨན་རྫས150སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་འདུག
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注