མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་གིས་ཐབས་ལམ་གསུམ་ཀྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས།
མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་གཏིང་ཟབ་གཏོང་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་གཅོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཐབས་ལམ་གསུམ་ལ་བརྟེན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཏན་ཏིག་བཏང་བ་དང་། གཏིང་ཟབ་སྒོས་ལྟ་སྐུལ་བཅོས་སྐྱོང་བྱས་ཏེ། གྱོད་དོན་བསྒྲུབས་ནས་ཟིལ་ཤུགས་ཆགས་པ་དང་། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཆེ་རུ་བཏང་། ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱས་ཏེ་སྣེ་ཁྲིད་བཟང་པོ་བྱེད་དགོས། རྒྱུན་མཐུད་སྒོས་ཏང་ཨུའི་འགན་འཁྲི་གཅོ་བོ་སྲ་བརྟན་དུ་གཏོང་བ་དང་། སྒྲིག་ཁྲིམས་ཞིང་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་བྱས་ཏེ་དམ་འཛིན་བྱེད་པ་དང་། སྡེ་ཁག་མཉམ་འབྲེལ་སྒོས་མཉམ་འགུལ་མ་ལག་ལ་སྐུལ་འདེད་བཏང་ནས། རུལ་སུངས་བྱ་བའི་རྫོང་ཨུའི་མགོ་ཁྲིད་པས་ཡུལ་ཚོ་དང་གྲོང་བརྡལ་ཀྱི་གྱོད་དོན་འགན་ལེན་བྱ་བའི་འགན་འཁྲའི་ལས་བགོས་ཇུས་གཞི་པར་འགྲེམས་དང་། ཁྱོན་ཡོངས་ནས་རྫོང་ཨུའི་མགོ་ཁྲིད་གྱིས་གྱོད་དོན་འགན་ལེན་ལམ་ལུགས་བཙུགས་ཏེ། བཀོད་གཏོང་ཤུགས་ཚད་ལ་ཤུགས་སྣོན་པ་དང་།འགན་ནུས་སྡེ་ཁག་གིས་འགན་འཁྲི་ཧུར་ཐག་སྒོས་བསྒྲུབ་རྒྱུར་སྐུལ་འདེད་བཏང་། རིམ་པ་སོ་སོའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རིམ་པ་བཞིན་དུ་དམ་འཛིན་བྱས་ནས། ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ནས་ཏང་འཛུགས་སྐྱོང་ནན་མོ་བྱེད་པ་གཞི་རིམ་དུ་སྣུར་སྲིང་བྱེད་དགོས།
ཤུགས་ཆེན་པོས་གྱོད་དོན་ཐག་གཅོད་དམ་འཛིན་བྱེད་པ་དང་། རྒྱུན་མཐུད་སྒོས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པ་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་ཐོལ་བརྒལ་བྱེད་ས་རུ་འགྱུར་བར་བྱེད་པ་དང་། ཚོ་ཆུང་དང་ཡུལ་ཚོས་མཉམ་འགུལ་དང་ས་ཁུལ་དེའི་མཉམ་ལས་ལྟ་སྐུལ་གྱིས་གྱོད་དོན་ཐག་གཅོད་བྱེད་པ་སོགས་ལ་བརྟེན་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་གཏན་འཁེལ་གྱི་གནས་ཐོལ་བརྒལ་བྱེད་པ་དང་། སྤྱོད་ཚུལ་དང་རུལ་སུངས་གཉིས་ལ་མཉམ་དུ་ཞིབ་བཤེར་བྱེད་པ། ཤུགས་ཆེན་པོས་གྱོད་གཞིར་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ་དང་། གྱོད་གཞི་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་ནས་ས་ཁུལ་ཞིག་ལ་ཟིལ་ཤུགས་སྟེར་བའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཡོད། ད་ལོ་ནས་བཟུང་། གནད་དོན་གྱི་ཁུངས་སྣེ15བདག་སྤྲོད་བྱས་པ་དང་། གྱོད་གཞི5ཞིབ་བཤེར་མཇུག་བསྡུས། གྱོད་གཞི2ཐོ་འགོད་བྱས་ལ། མི2ལ་ཏང་གི་སྒྲིག་ཁྲིམས་འགལ་བའི་ཆད་པ་བཅད། གལ་ཆེའི་གནད་དོན་གཅིག་རྫོང་ཨུའི་ཧྲུའུ་ཅིས་གྱོད་གཞི་འགན་གཙང་ལེན་བྱས་ནས་ཐག་གཅོད་བྱས།
ཧུར་ཐག་སྒོས་དམངས་ལ་དོན་དངོས་བསྒྲུབ་པའི་བྱ་བ་རྐང་འཛུགས་སར་བྱས་ཏེ་མང་ཚོགས་ཡིད་ཚིམ་པར་བྱེད་དགོས། མང་ཚོགས་གིས་ཚུར་སྣང་བྱས་པའི་གནད་དོན་ཛ་དྲག་ལ་ཁ་གཏད་དེ་རྫོང་ཡོངས་ཀྱི་ལས་ཁུངས་ཁག་གིས་དོན་དངོས་བཟང་བོ་བསྒྲུབ་སྟེ་གནད་དོན་ཐག་གཅོད་བྱས། འགྲིམ་འགྲུལ་དང་འཐུང་ཆུ། མི་སྡོད་ཁང་བ་དང་། སྐྱེ་ཁམས་བཅོས་སྐྱོང་། དྲོད་རླངས་མཁོ་འདོན། འདས་མཆོད་སོགས་དམངས་ཀྱིས་སེམས་ཁྲེལ་བྱེད་པའི་གནད་དོན་སོགས་ལ་དམིགས་ཏེ། བསྡོམས་པས་མང་ཚོགས་ཀྱིས་ཤེས་ཚོར་ཐུབ་པའི་དོན་དངོས15བསྒྲུབས་པ་དང་། མང་ཚོགས་ཀྱི་གྱོང་གུན་སྒོར་འབུམ་བཞི་སེལ་ཐུབ་པ་བྱུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注