སྙན་ངག་འགྱུར་མ་ཁག་བརྒྱད།
R. S.ཐོ་མ་སི་ཡིས་བརྩམས།ལྡོང་བུས་བསྒྱུར།
བྱིས་པ་རྣམས་ཀྱི་གཞས།
ང་ཚོ་རང་ཉིད་ཀྱི་འཇིག་རྟེན་ནང་དུ་གནས་ཡོདའཇིག་རྟེན་དེ་ཤིན་ཏུ་ཆུང་དྲགས་པསཁྱོད་ཚོ་བསྒུར་ཡང་ནང་དུ་འཛུལ་མི་ཐུབརྐང་ལག་ས་ལ་བཙུགས་ཀྱང་དེ་བཞིན་ཡིནདེ་ནི་རྒན་པ་དག་གི་གཡོ་ཟོལ་སྦྱོར་བ་ཙམཁྱོད་ཚོའི་དབྱེ་ཞིབ་བྱེད་པའི་མིག་ཟུང་གིསཉུལ་ཞིབ་ལྟ་དཔྱད་ཅི་ཞིག་བྱས་ནའངད་དུང་རྩེ་དགའ་བྱེད་པའི་རྣམ་འགྱུར་གྱིསང་ཚོས་ཅི་བཤད་ལྐོག་ཉན་བྱས་ནའངཁྱོད་ཚོས་དེ་ཡི་དཀྱིལ་སྙིང་རྙེད་མི་འགྱུརགནས་དེར་ང་ཚོ་གར་འཁྲབ་རྩེད་འཇོ་བྱེདགནས་དེར་ཚེ་སྲོག་ད་དུང་གཉིད་དུ་ཡུརཕྱེ་མེད་ཟུམ་པའི་མེ་ཏོག་འོག་ཏུཕོར་པ་ལྟ་བུའི་བྱ་ཚང་ནང་གིའཇམ་ཤ་ཆེ་བའི་སྒོང་ཤུན་འོག་ཏུདེ་ཡིས་ཟློ་བའི་སྐྱ་ཤས་ཆེ་བའི་སྔོ་མདོག་དེ་ནིཁྱོད་ཚོའི་རྒྱང་ཐག་རིང་བའི་དག་ཞིང་གི་ཁ་དོག
དུས་སྐབས།
དུས་སྐབས་དེར མཁས་པ་དག་གི་སྨྲ་ལྕེ་བསྡམས་མེད་ཀྱང
འུར་ཟིང་ཆེན་པོས་མིད་པ་འགག་པར་བྱས་པསཁོ་ཚོ་སུས་ཀྱང་ཀློག་གིན་མེད་པའི་དཔེ་ཆའི་ནང་འཛུལ་ནསརང་ཉིད་ཀྱི་སྐྱབས་གནས་འཚོལསློབ་སྟོན་པ་གཉིས་ཀྱི་སྐད་སྒྲ་མི་རྣམས་ཀྱི་རྣ་བར་ལྷུངགཅིག་གིས་ཉིན་མཚན་མེད་པར་སྐད་བརྒྱབ་ནས“ཉོས”ཟེརཅིག་ཤོས་ཀྱིས་དེ་བས་ཡིན་མདོག་ཁ་པོས“ཁྱོད་ཚོའི་ཞི་དལ་ཚོངས་ཤིག”ཟེར
ཡལ་བར་གྱུར་པ།
མེ་ཏོག་ཅིག་རླུང་གིས་བསྐྱོད་ཅིངལག་པ་ཞིག་གིས་དེ་ཉིད་འཐུ་བར་བྱསཆུ་ཕྲན་ཞིག་ཆད་མེད་འབབ་ཅིངལུས་པོ་ཞིག་གིས་དེ་ཉིད་ནག་ནོག་བཟོསཆུ་ཡིས་གྲུབ་པའི་མེ་ལོང་གཙང་མ་ཞིག་ཡོད་ཅིངངོ་གདོང་ཞིག་སླེབས་ནསདེ་ཡི་ནང་དུ་བལྟས དེ་གར་སྐད་ཆ་དངདམག་འཁྲུག་དང་ཆིངས་ཡིག་ཡོད རྡོག་བརྫིས་བཏང་བའིས་ཡི་གོ་ལ་ཡོད་ཅིང་འཁོར་ལོ་དག་གིསདེ་ཡི་སྟེང་ལ་མེ་ཐེལ་བརྒྱབ འབར་གས་ཐེངས་ཤིགདེ་རྗེས་མཐུད་ནས་བྱུང དེ་གར་ས་རྡུལ་ལང་ལོང་དངཁ་ཁུ་སིམ་པོ་ཡོད ས་རྡུལ་ལང་ལོང་ནང་ནསརྩི་ཤིང་ཞིག་སྐྱེས་ཤིང ཟིལ་པའི་བཟོ་དབྱིབས་ཤིགདེ་ཡི་སྟེང་ལ་ཆགས ཆུ་ཕྲན་ཞིགཟིལ་པའི་ནང་ནས་ཟགས་ཏེ་མེ་ལོང་ཞིག་བཟོསམེ་ལོང་དེ་ནི་ཅང་མེད་སྟོང་པ་ཞིག
ལེགས་སྐྱེས།
ཨ་ཕ་ལས་ཐོབ་པ་ནི་ང་ཡི་སྙིང་རྩ་བརྟན་པོང་ཡི་ཕོ་བ་གཉོམ་པོཨ་མ་ལས་ཐོབ་པ་ནི་ང་ཡི་འཇིགས་སྣངངའི་སྐྱོ་གདུང་གི་རྒྱལ་ཁབ་ལས་ཐོབ་པ་ནི་ངོ་ཚངས་ཆུང་མ་ལ་སྤྲད་པ་ནིང་ལ་སྟེར་དབང་མེད་པའི་བརྩེ་བ་མ་གཏོགས་པའིང་ལ་ཡོད་པ་ཐམས་ཅདངའི་བུ་གཅིག་ལ་སྤྲད་པ་ནི་བཀྲེས་ལྟོགས
ང་ལ་འདྲི་བར་མ་བྱེད།
ང་ལ་འདྲི་བར་མ་བྱེདསྙན་ངག་ཅིག་གིགཡོས་སྦྱོར་ལག་དེབ་ང་ལ་མེདསྐད་ཡིག་ཁྱོད་ཀྱིས་མཁྱེན་གསལ་ལྟརལྷུག་མ་རྫོགས་པའི་གནས་དེརསྙན་ངག་མགོ་རྩོམ་འགྱུར་རོགསོལ་ཚིགས་སྔོན་གྱི་ཞལ་འདོནསྙན་ངག་ཅིག་ཏུ་མཐོང་མི་འོསཉན་མཁན་དག་སད་པར་གྱུར་ཏེཚིགས་བཅད་གང་ཞིག་མགོ་བརྩམས་ནསདུས་ཡུན་གང་འཚམས་ཕྱིན་ཟིན་པརངེས་ཤེས་བྱུང་ན་འགྲིགདེས་ན་ང་ཚོས་གློ་ལུ་མ་བྱེདཤུགས་རིང་ཀྱང་མ་གཏོངསྙན་ངག་ནི་ངན་སྔགས་ཤིགདབྱངས་དང་གསལ་བྱེད་ཀྱིསགཏན་ཚིགས་མེད་པར་བཏགསསྙན་ངག་ཅིག་གིམཐའི་སྒྲ་རྒྱན་ལ་ཁ་ཡ་མ་བྱེདདེ་ཡི་ཡིད་ཆེས་བཅོལ་ཡུལ་ནིཚེ་སྲོག་གི་འགྱུར་ཁུགས་ཡིནགལ་སྲིད་བྱུང་ནསྐད་ཡིག་གིས་ཁྱོད་ལ་བསླུ་བྲིད་བཏང་ཡོངཚིག་སྦྱོར་གྱི་བརྡ་སྤྲོད་ནིམིང་ཚིག་གིས་བླ་སྲོག་ལལྕགས་སྒྲོག་རྒྱག་ཐབས་ཤིགསྙན་ངག་ནི་ནང་སེམས་བརྒྱུད་ནསཤེས་རབ་ལ་སླེབས་སྟངས་ཤིག
ངག་རྒྱུན།
ང་གནས་རིའི་སྟེང་དུ་ཡར་འགོ་སྐབསཞོགས་པར་སྙན་ངག་པ་ཞིག་གམགཤིན་པོ་ཞིག་ཏུ་འགྱུར་བར་བསམ་བློ་བཏངཡིན་ནའང་སྨྱོན་པ་མ་ཡིན སྨྱོན་པ་མ་ཡིན་ཏེང་རང་སྔར་ནས་སྨྱོས་ཟིན་པས་ནའོང་རི་བོའི་སྟེང་ནས་མར་འབབ་དུསབདུད་འདྲེ་ཡིསའཇིག་རྟེན་འདི་ཡི་རྒྱལ་ཁམས་དགང་ཡི་སྙན་ངག་ལ་བརྗེ་དགོས་ཟེརང་ཡི་སྨྱོ་བ་ཡིས་ང་རང་བསྐྱབ་པར་བྱས
ཕྱིར་ལོག་པ།
ཁྱིམ་དུ་ལོག་པ་ནི་འདི་འདྲ་ཞིག་རེདསྤང་བསིལ་མོའི་སྟེང་གི་ཁང་པ་དཀར་པོགྲིབ་གཟུགས་ཀྱི་སྐྱི་མོའི་ནང་གསལ་ལམ་ལམ་གྱིཆུ་ཕྲན་ནི་དེ་ཉིད་ལྟ་སའི་མེ་ལོང་རེདདུ་བ་ཁང་ཀླད་ནས་དགུང་ལ་འཕྱུར་ཏེལྗོན་ཤིང་ཆེན་པོའི་ཡལ་གའི་གསེང་ལ་སླེབསཆེས་ཐོག་མའི་སྐར་ཚོགས་ཀྱིས་དེ་གར་བསྐྱར་དུ་དྲན་པ་ནིདུས་དང་འཆི་བ་དང་མིའི་དམ་བཅའི་སྐོར་གྱི་བརྗོད་གཞི
མཇུག་མཐར།
ཅ་ལག་ཁ་ཤས་ལས་མེད རྐུབ་སྟེགས་ཤིགཅོག་ཙེ་ཞིག མཐའ་རུ་སྐྱབས་འཇུག་ཞུ་སའིམལ་ཁྲི་ཞིག ད་དུངམཚོ་འགྲམ་ནས་བཏུས་ཡོང་བའིརུས་པ་ལྟ་བུའི ཡལ་གའི་རྒྱ་གྲམ་ཞིགདེས་ཡེ་ཤུ་མ་ཤི་ཀར་རྒྱངས་གསོད་ཐེབས་ཚུལརང་བྱུང་ཁམས་ཀྱིས་ཀྱང་མཁྱེན་པ་ར་སྤྲོད་བྱེདང་ཞག་གང་པོར་གམ་དུ་བསྡད་པའིདེ་འདྲ་ཆུང་རྒྱུ་མེད་པའི་སྒེའུ་ཁུང་དེསྐར་ཚོགས་ཀྱི་ཕྱི་སྒྲོམ་བྱེད་ཆོག་ཆོག་ཡིནངས་དོར་ཟིན་པའི་གྲོང་ཁྱེར་གྱི་འོད་སྣང་ལས་ཀྱངདེ་དག་དེ་འདྲ་རྒྱང་ཐག་རིང་པོ་མིནཉིན་མོའི་འགྲུལ་པ་དེ་དག་མཆོད་མཇལ་ཞུ་མཁན་མ་རེདཁོ་ཚོས་ཆར་པའི་ཕྲེད་ཤིང་ཕག་ནས་ཅེ་རེར་ལྟ་བཞིནང་རང་ཡུལ་ལྗོངས་དེའི་ནང་གི་བཙོན་པ་ལྟ་བུར་མཐོང་གི་འདུགཡིན་ནའང་དུས་རླབས་ཀྱི་བདེན་པ་ཡམ་ཡོམ་ཅན་དེསང་ལ་སྔར་ནས་རང་དབང་བསྩལ་ཟིན་ཡོད་པསད་ལྟ་དམའ་ཞིང་ཞི་བའི་སེམས་པ་དེའངསང་ཉིན་ཡོངས་སུ་རྫོགས་པ་ཞིག་ཏུ་འགྱུར་ངེས་ཡིན
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注