【གསར་བརྗེའི་ཉམས་ཞིབ】མགོ་ལོག་ཁུལ་གྱི2025ལོའི་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི"ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི"ཟབ་སྦྱོང་འཛིན་གྲྭས་མཚོ་བྱང་ཁུལ་དུ་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སྤེལ།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ། ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་གཏོང་ཆེད། ཟླ3པའི་ཚེས24ཉིན། མགོ་ལོག་ཁུལ་གྱི2025ལོའི་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི"ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི"ཟབ་སྦྱོང་འཛིན་གྲྭའི་སློབ་མ20ཡིས་མཚོ་བྱང་དུ་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སྤེལ།གསོ་སྦྱོང་གི་ཕན་འབྲས་ལ་འགན་ལེན་བྱ་ཆེད། ཐེངས་འདིའི་གསར་བརྗེའི་ཉམས་ཞིབ་བྱེད་སྒོས་སློབ་ཁང་གི་ཆེད་དོན་སློབ་ཁྲིད་བཀོད་སྒྲིག་བྱས་པའི་རྨང་གཞིའི་ཐོག་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་དངོས་སློབ་ཁྲིད་ནང་དོན་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་ཆེད་དོན་དང་ཡུལ་དངོས་སློབ་ཁྲིད། ཉམས་ལེན་སློབ་ཁྲིད་སོགས་ཀྱི་རྣམ་པ་སྣ་ཚོགས་ཕྱོགས་བསྡུས་ཀྱིས་སྤྱད་དེ་སློབ་གསོ་གསོ་སྦྱོང་སྤེལ། སློབ་མ་རྣམས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི། མཚོ་སྔོན་པོ་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་སོགས་གསར་བརྗེའི་སློབ་གསོའི་ཡུལ་དངོས་སུ་བསྐྱོད་དེ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་བསྐྱར་དྲན་དང་དད་མོས་ཀྱི་སྟོབས་ཤུགས་ཆེན་པོ་ཉམས་སུ་མྱངས་པར་མ་ཟད། ཞིང་ཕྱུགས་ལས་ཐོན་ལས་གླིང་དང་ལྗང་མདོག་རིག་གནས་ཐོན་ལས་གླིང་། གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བ་བཅས་སུ་བསྐྱོད་དེ་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་བཅོས་སྐྱོང་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཡུལ་དངོས་ནས་སློབ་སྦྱོང་བྱས་ནས་རྩ་ཆེའི་བློ་གྲོས་བསྡུ་ལེན་བྱས།
【གསར་བརྗེའི་ཉམས་ཞིབ】མགོ་ལོག་ཁུལ་གྱི2025ལོའི་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི"ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི"ཟབ་སྦྱོང་འཛིན་གྲྭས་མཚོ་བྱང་ཁུལ་དུ་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སྤེལ།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ། ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་གཏོང་ཆེད། ཟླ3པའི་ཚེས24ཉིན། མགོ་ལོག་ཁུལ་གྱི2025ལོའི་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི"ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི"ཟབ་སྦྱོང་འཛིན་གྲྭའི་སློབ་མ20ཡིས་མཚོ་བྱང་དུ་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སྤེལ།
གསོ་སྦྱོང་གི་ཕན་འབྲས་ལ་འགན་ལེན་བྱ་ཆེད། ཐེངས་འདིའི་གསར་བརྗེའི་ཉམས་ཞིབ་བྱེད་སྒོས་སློབ་ཁང་གི་ཆེད་དོན་སློབ་ཁྲིད་བཀོད་སྒྲིག་བྱས་པའི་རྨང་གཞིའི་ཐོག་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་དངོས་སློབ་ཁྲིད་ནང་དོན་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་ཆེད་དོན་དང་ཡུལ་དངོས་སློབ་ཁྲིད། ཉམས་ལེན་སློབ་ཁྲིད་སོགས་ཀྱི་རྣམ་པ་སྣ་ཚོགས་ཕྱོགས་བསྡུས་ཀྱིས་སྤྱད་དེ་སློབ་གསོ་གསོ་སྦྱོང་སྤེལ། སློབ་མ་རྣམས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི། མཚོ་སྔོན་པོ་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་སོགས་གསར་བརྗེའི་སློབ་གསོའི་ཡུལ་དངོས་སུ་བསྐྱོད་དེ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་བསྐྱར་དྲན་དང་དད་མོས་ཀྱི་སྟོབས་ཤུགས་ཆེན་པོ་ཉམས་སུ་མྱངས་པར་མ་ཟད། ཞིང་ཕྱུགས་ལས་ཐོན་ལས་གླིང་དང་ལྗང་མདོག་རིག་གནས་ཐོན་ལས་གླིང་། གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བ་བཅས་སུ་བསྐྱོད་དེ་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་བཅོས་སྐྱོང་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཡུལ་དངོས་ནས་སློབ་སྦྱོང་བྱས་ནས་རྩ་ཆེའི་བློ་གྲོས་བསྡུ་ལེན་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注