མདོ་ལ་རྫོང་གིས་བློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྲུན་དམ་འཛིན་དང་བཅོས་སྐྱོང་གཙོར་འཛིན། དོ་དམ་ཞིབ་ཚགས་སྒོས་མཁར་གྲོང་ཁོར་ཡུག་ལེགས་སྐྲུན་སྤུས་ཚད་གསར་བར་བསྒྱུར།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་གྲོང་ཞང་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང“རིམ་གསུམ་ལམ་ལུགས”སྦྲེལ་མཐུད་གནས། གྲོང་ཁྱེར་གསར་སྐྲུན་སོགས་ཀྱི་ལས་དོན་འཇུ་བྱེད་དུ་བྱས་ནས“སྟོང་སྡེ་དཔེ་སྟོན་དང་ཁྲི་སྡེ་བཅོས་སྒྲིག”གི་ལས་གྲྭའི་ཉམས་མྱོང་ལ་བརྟེན། གྲོང་ཞང་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་ཐད་བྱེད་ཐབས་དངོས་མ་བཏོན་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་རྫོང་ཡོངས་མང་ཚོགས་ལ་གཙང་ཞིང་གྲལ་དག་པ། བདེ་སྡོད་ཀྱི་ཁོར་ཡུག་མཁོ་འདོན་བྱས་ལ་གྲོང་ཁྱེར་གྱི་སྣང་བརྙན་བཟང་བོ་བསྐྲུན།
མཁར་གྲོང་གི་སྤྱི་པའི་སྒྲིག་བཀོད་རྒྱུན་མཐུད་འཐུས་ཚང་དུ་བཏང་། གྲོང་ཁྱེར་དོ་དམ་གྱི“ལས་གནས་སྟོང་དང་སོ་བ་ཁྲི”ཡི་ཡུན་ཕན་ལས་དོན་ལམ་སྲོལ་བཙུགས་ཤིང་། ཁོར་སྲུང་ལས་དོན་མི་སྣ་དང་གཞིས་ལས། ཆུ་འདོན། དྲོད་འདོན། བཟོ་སྐྲུན་ལས་གནས། བཙོག་ཆུ་ཐག་གཅོད་ལས་དོན་མི་སྣའི“སྲུང་དམག”གི་ནུས་པ་སྐུལ་སློང་བརྒྱུད། སོ་བ་དང་ལས་གནས་མཉམ་འགུལ་བཅོས་སྐྱོང་རྣམ་པ་ལག་བསྟར་སྒོས་བགྲོད་ལམ་གཙོ་ཕལ་གྱི་ལམ་ངོས་དང་ལྗང་བསྒྱུར་སྲུང་སྐྱོང་དྲ་བ། ཁྲོན་ཁེབས། ལམ་སྒྲོན་སོགས་གྲོང་སྲིད་སྒྲིག་བཀོད་ལ་ཁྱོན་ཡོངས་གྲལ་བཤེར་བཅོས་སྒྲིག་བྱས་ལ། མཐའ་གྲངས་གསལ་བ་དང་གནས་ཚུལ་རྟོགས་པ་བྱས་ཏེ་བགྲོད་ལམ་རིགས་ཁག་གི་གྲོང་སྲིད་སྒྲིག་བཀོད་འཐུས་ཚང་ཞིང་རྒྱུན་ལྡན་འཁོར་སྐྱོད་བྱས།
གྲོང་ཁྱེར་ཁོར་ཡུག་རྣམ་པ་ལ་རྒྱུན་མཐུད་ལེགས་སྒྱུར་བྱུང་། རྫོང་མཁར་ཁོར་ཡུག་འཕྲོད་བསྟེན་ཞིབ་ཚགས་ཅན་གྱི་དོ་དམ་རྣམ་པ་འཐུས་ཚང་དུ་བཏང་ཞིང་། “མི་གཏན་འཁེལ་དང་ལས་གནས་གཏན་འཁེལ། འགན་འཁྲི་གཏན་འཁེལ། ལམ་དུམ་གཏན་འཁེལ”གྱི་དྲ་མིག་ཅན་དོ་དམ་དང་། “མི་འཕྲུལ་ཟུང་འབྲེལ་དང་འཕྲུལ་ཆས་གཙོ་བོ”ཡིན་པའི་ལས་སྟངས་སྤྱད་དེ་གཙང་འཕྱག་རླངས་འཁོར་དང་ཁོར་སྲུང་སྟོབས་ཤུགས་ལ་ཤུགས་བསྣན་ནས་རྫོང་མཁར་གྱི་བགྲོད་ལམ་གཙོ་ཕལ། སྲང་ལམ་ཆེ་ཆུང་གི་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་། རླངས་འཁོར་དང་མི་སྣའི་གཙང་སྦྲ་བྱེད་ཐེངས་ཇེ་མང་དུ་བཏང་སྟེ་ཁོར་སྲུང་བྱ་བ་ལ“ལོང་ཁུལ་མེད་པ”མངོན་འགྱུར་བྱས།
གཞིས་ལས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་མཐོར་འདེགས་སུ་བཏང་། 《མདོ་ལ་རྫོང་གཞིས་ལས་དོ་དམ་བྱེད་ཐབས》《མདོ་ལ་རྫོང་གཞིས་ལས་ཞབས་ཞུ་ལྟ་སྐུལ་དཔྱད་ཞིབ་བྱེད་ཐབས》སོགས་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་འཐུས་ཚང་དུ་བཏང་། དུས་ཚིགས་རེར་རྫོང་ཡོངས་ཀྱི་གཞིས་ལས་གཞིས་ཁུལ་ལ་ཡུལ་དངོས་ནས་དཔྱད་ཞིབ་བྱས་ཏེ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ཞིང་། གཞིས་ལས་ཁེ་ལས་ཀྱི་བྱ་སྤྱོད་མི་ལེགས་པ་ཡིད་རྟོན་ཡིག་ཚགས་སུ་བཅུག་ལ་ཁེ་ལས་ཀྱིས་ཁྲིམས་སྲོལ་ལྟར་གཞིས་ལས་དོ་དམ་བྱ་འགུལ་སྤེལ་བར་རྟོག་འདོམས་བྱས་ཏེ་རྫོང་ཡོངས་ཀྱི་གཞིས་ལས་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོར་འདེགས་སུ་བཏང་། དུས་མཚུངས་སུ་གཞིས་ལས་དོ་དམ་ཚོགས་ཆེན་དུས་བཀག་ལྟར་འཚོགས་ཤིང་གཞིས་ཁུལ་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞིས་ཁུལ་གཙང་སྦྲ་དང་རྨང་གཞིའི་སྒྲིག་བཀོད་ལ་བཅོས་སྐྱོང་ཐེངས70ལྷག་བྱས། གཞིས་ཁུལ11གི་ཁྱིམ་ཚང2522ལ་ཆ་སྒྲིག་རྨང་གཞིའི་སྒྲིག་བཀོད་བཏང་སྟེ་གཞིས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་ལ་གཞིས་ཁུལ་གྱི་རྣམ་པ་གསར་བར་བརྗེ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注