ཟླ3པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས90པ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། མཚོ་བྱང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་དང་ཡུན་ནན་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི"ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན"གྱི་བླང་བྱ་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞི་གཅིག་ཏུ་སློབ་སྦྱོང་དང་གཞི་གཅིག་ཏུ་དོན་འཁྱོལ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད། མཐུན་སྒྲིལ་ལ་སྐུལ་འདེད་བཅས་ཀྱི་ཚོང་འགུག་མ་འདྲེན་ཚོགས་ཆེན་གྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མཚོ་བྱང་ཏང་སྲིད་འཐུས་ཚབ་ཚོགས་པ་པེ་ཅིན་དང་སི་ཁྲོན། ཅང་ཞི། ཀོང་ཏུང་སོགས་སུ་བསྐྱོད་དེ་ཚོང་འགུག་མ་འདྲེན་བྱེད་སྒོ་སྤེལ་བའི་གྲུབ་འབྲས་ལ་རྗེས་སྙེག་བྱས་ཏེ། ཧྲན་ཏུང་ཞིང་ཆེན་དང་། ཀྲུང་དབྱང་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་བཅས་དང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱབ་ཁོངས་སོ་སོའི་ཚོང་འགུག་མ་འདྲེན་ལས་གཞི་དོན་འཁྱོལ་བྱེད་དགོས། "གཡུལ་འགྱེད་ཐེངས་ལྔ"དམ་འཛིན་བྱ་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་ཀྱི"གནས་བཞི"ནུས་ཤུགས་ཡོད་རྒུས་གཏོད་པ་དང"སྤྱི་གླིང་གཉིས་དང་བཙན་ས་གཅིག"འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་གསར་བརྗེའི་ཉམས་ཞིབ་ཆས་རྟགས་རྒྱུན་མཐུད་ངང་གཏོད་པ་དང་། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཕྱིར་འཚོང་བཅས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་སྟེ། དམངས་འཚོའི་དོན་དངོས་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་ཡག་པོ་བྱས་ནས་ལས་འགན་སོ་སོ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ། ཏང་གཤིས་དང་ཏང་སྲོལ། ཏང་ཁྲིམས་བཅས་མཉམ་དུ་དམ་འཛིན་དང་། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་གཏོང་། རུལ་སུངས་ལ་རྒོལ་བ་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་བཏོན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ། རང་རྟོགས་ཀྱིས་སློབ་སྦྱོང་སློབ་གསོའི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་ཆེ་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས་ཟེར།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྤྱི་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་པུའུ་ཀྲང་གི་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་པུའུ་ཀྲང་དང་ཡིག་བསྐུར་ངོ་བཅར་ཅུས་ཀྲང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་སྤྱི་ཚོགས་བྱ་བར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་བྱ་བར་ཤུགས་སྣོན་པ་དང་ལས་རིགས་སྡེ་ཁག་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ། དཔལ་འབྱོར་རྩ་འཛུགས་གསར་བ་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་དྲིལ་སྒྲོག་བྱེད་སྒོ་ཏན་ཏིག་སྤེལ་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས། ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ཁྲལ་འཇལ་ནུས་པའི་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་བཅོས་སྐྱོང་གི"རྟ་ཆུང་གིས་ཤིང་རྟ་ཆེན་པོ་འདྲུད་པའི"གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་ཤུགས་རྒྱག་པ། "གཞི་རིམ་དུ་སྐྱོད་པ་བཞི"ཡི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཡིག་བསྐུར་ངོ་བཅར་གྱི་ཕུང་གསོག་ཐེབས་པའི་གྱོད་གཞིའི་འགག་སྒྲོལ་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ཏེ། ཡིག་བསྐུར་ངོ་བཅར་གྱི་དོན་དག་ཚང་མ་དུས་ཐོག་ཏུ་དྲང་གཞག་ལུགས་མཐུན་ངང་ཐག་གཅོད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འགག་རྩའི་ལྷུ་ཚིགས་དམ་འཛིན་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ"སྦྲང་ཟ་གྲོག་རུལ"ལ་ཆད་གཅོད་ཤུགས་ཆེན་བྱེད་པ་དང་བཅོ་དཀའི་གནད་དོན་བཅོས་སྒྲིག་ལ་ཕྱོགས་ཏེ་གྲུབ་འབྲས་དངོས་ཀྱི་ཕན་འབྲས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་ཞིབ་བཤེར་བཅོས་སྒྲིག་བྱ་བར་ཕན་འབྲས་ཐོན་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注