གཞན་ཁྱིམ་དུ་འཛུལ་ནས་བརྐུས་བྱས་ན་ནག་ཉེས་ཅི་ཞིག་གྲུབ།

གྱོད་དཔེ།

སྐལ་བཟང་དང་དཔལ་ལྡན་གཉིས་ལ་མ་གཅིག་གི་ཕུ་ནུ་ལྟ་བུའི་སྤུན་འདང་ཆགས་ཡོད་པས། དཔལ་ལྡན་གྱིས་རྟག་ཏུ་ལས་ཅི་བྱེད་ཀྱང་སྐལ་བཟང་རོགས་ལ་འབོད་པ་ཡིན། ཐེངས་ཤིག་ལ་སྐལ་བཟང་གིས་དཔལ་ལྡན་ལ་རོགས་བྱས་ཏེ་མཛོད་ཁང་གཙང་སྦྲ་བྱེད་སྐབས། མཛེས་ཤིང་དབྱིབས་ལེགས་པའི་ལྕགས་སྒམ་ཞིག་གི་ནང་དུ་དབྱར་རྩྭ་དགུན་འབུ་ཡོད་པ་ཤེས་སྟབས། ཉིན་ཞིག་གི་དགོང་མོར། སྐལ་བཟང་གིས་གོ་སྐབས་དང་བསྟུན་ནས་སྤུན་ཟླའི་བརྩེ་འདང་ལ་རྒྱབ་འགལ་བྱས་ཏེ། དཔལ་ལྡན་གྱི་མཛོད་ཁང་དུ་འཛུལ་ནས་ལྕགས་སྒམ་ནང་གི་རིན་ཐང་སྒོར5000ཡིན་པའི་དབྱར་རྩྭ་དགུན་འབུ་བརྐུས།

བཅའ་ཁྲིམས་དབྱེ་ཞིབ།

རང་རྒྱལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》 ཀྱི་དོན་ཚན264པའི་གཏན་འཁེལ་ལྟར་ན། “གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེན་ནམ་ཐེངས་མང་རྐུ་ཁྱེར་དང་ཁྱིམ་ཚང་དུ་འཛུལ་ནས་རྐུ་ཁྱེར་བྱས་པ། མཚོན་ཆ་ཁྱེར་ནས་རྐུ་ཁྱེར་དང་རྐུ་འཕྲོག་བཅས་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུའམ་དངུལ་ཆད་གཅིག་པུ་གཅད་རྒྱུ། རྒྱུ་ནོར་འབོར་ཆེན་བཙན་འཕྲོག་བྱས་པའམ་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཀག་བཙོན་འཇུག་ལོ3ནས10མན་བར་གྱི་ཉེས་ཆད་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུ། རྒྱུ་ནོར་གྱི་གྲངས་འབོར་ཧ་ཅང་འབོར་ཆེན་བཙན་འཕྲོག་བྱས་པའམ་ཉེས་ཚབས་ཤིན་ཏུ་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཀག་བཙོན་འཇུག་ལོ10ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་དང་།དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་གཏང་རྒྱུའི་ཉེས་ཆད་བཅས་མཉམ་དུ་གཅད་རྒྱུ”ཞེས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号