ང་ཚོས་མཉམ་དུ《དམངས་དོན་ཁྲིམས་གཞུང》སློབ།
དོན་ཚན་ཉིས་བརྒྱ་དང་ཉེར་བདུན་པ། འགུལ་ནོར་གྱི་དངོས་དབང་འཛུགས་པ་དང་བཤུག་སྤྲོད་མ་བྱས་གོང་ཕྱོགས་གསུམ་པས་འགུལ་ནོར་དེ་བདག་འཛིན་བྱས་ཡོད་ཚེ། རྩིས་སྤྲོད་འོས་འགན་འཁུར་མཁན་གྱིས་བཤུག་སྤྲོད་བྱས་པ་བརྒྱུད་ཕྱོགས་གསུམ་པར་མ་གཞིའི་དངོས་པོའི་ཁེ་དབང་ཕྱིར་སྤྲད་དེ་རྩིས་སྤྲོད་ཀྱི་ཚབ་བྱེད་དགོས་པའི་རེ་འདུན་བཏོན་ཆོག
དོན་ཚན་ཉིས་བརྒྱ་དང་ཉེར་བརྒྱད་པ། འགུལ་ནོར་གྱི་དངོས་དབང་གཞན་ལ་བཤུག་སྤྲོད་བྱེད་ཚེ། དོ་བདག་པའི་བར་བཤུག་སྤྲོད་བྱེད་མཁན་གྱིས་འགུལ་ནོར་དེ་མུ་མཐུད་དུ་བདག་འཛིན་བྱེད་པའི་གྲོས་དན་བཞག་ཡོད་པ་ཡིན་ན། གྲོས་དན་དེར་ནུས་པ་ཐོན་པའི་དུས་ནས་དངོས་དབང་ལ་ནུས་པ་ཐོན་པ་ཡིན།
ས་བཅད་གསུམ་པ། གཏན་འབེབས་གཞན་དག
དོན་ཚན་ཉིས་བརྒྱ་དང་ཉེར་དགུ་པ། མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ལས་ཁུངས་ཀྱི་བཅའ་ཁྲིམས་ཡིག་རིགས་སམ་མི་དམངས་སྲིད་གཞུང་གི་གཞུང་བསྡུ་ཐག་གཅོད་སོགས་ཀྱི་རྐྱེན་གྱིས་དངོས་དབང་འཛུགས་པ་དང་སྒྱུར་བ། བཤུག་པའམ་མེད་པར་བཟོ་བ་བཅས་ཀྱི་གནས་ཚུལ་བཟོས་པ་ཡིན་ན། བཅའ་ཁྲིམས་ཡིག་རིགས་སམ་གཞུང་བསྡུ་ཐག་གཅོད་སོགས་རྩིས་འགྲོ་བྱུང་བ་ནས་ནུས་པ་ཐོན་པ་ཡིན།
དོན་ཚན་ཉིས་བརྒྱ་དང་སུམ་ཅུ་པ། ཤུལ་འཛིན་གྱི་ཐོག་ནས་དངོས་དབང་ཐོབ་པ་ཡིན་ན། ཤུལ་འཛིན་འགོ་ཚུགས་པ་ནས་ནུས་པ་ཐོན་པ་ཡིན།
དོན་ཚན་ཉིས་བརྒྱ་དང་སོ་གཅིག་པ། ཁྲིམས་དང་མཐུན་པར་ཁང་པ་ལས་པ་དང་བཤིག་པ་སོགས་ཀྱི་དངོས་ཡོད་བྱ་སྤྱོད་ཀྱི་རྐྱེན་གྱིས་དངོས་དབང་བཙུགས་པའམ་མེད་པར་བཟོས་ན། དངོས་ཡོད་བྱ་སྤྱོད་དེ་གྲུབ་པའི་དུས་ནས་བཟུང་ནུས་པ་ཐོན་པ་ཡིན།
དོན་ཚན་ཉིས་བརྒྱ་དང་སོ་གཉིས་པ། ས་བཅད་འདིའི་གཏན་འབེབས་ལྟར་སྤྱོད་རྒྱུ་ཡོད་པའི་བརྟན་ནོར་གྱི་དངོས་དབང་ཐག་གཅོད་བྱེད་སྐབས། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐོ་འགོད་བྱེད་དགོས་པ་ཡིན་ན། ཐོ་འགོད་མ་བྱས་པར་དངོས་དབང་གི་ནུས་པ་མི་ཐོན་པ་ཡིན།
ལེའུ་གསུམ་པ། དངོས་དབང་སྲུང་སྐྱོབ།
དོན་ཚན་ཉིས་བརྒྱ་དང་སོ་གསུམ་པ། དངོས་དབང་ལ་གནོད་འཚེ་ཕོག་ཚེ་ཁེ་དབང་བདག་པོས་འདུམ་འགྲིག་དང་འདུམ་སྒྲིག འདུམ་གཅོད། གཏུག་བཤེར་སོགས་ཀྱི་ཐབས་ལ་བརྟེན་ནས་ཐག་བཅད་ཆོག
དོན་ཚན་ཉིས་བརྒྱ་དང་སོ་བཞི་པ། དངོས་དབང་གི་གཏོགས་ཁོངས་དང་ནང་དོན་ཐད་ལ་རྩོད་གཞི་བྱུང་ན། ཁེ་གྱོང་འབྲེལ་བ་ཡོད་མཁན་ལ་ཁེ་དབང་ངེས་གཟུང་བྱེད་པའི་རེ་འདུན་བཏོན་ཆོག །
དོན་ཚན་ཉིས་བརྒྱ་དང་སོ་ལྔ་པ། བརྟན་ནོར་རམ་འགུལ་ནོར་བདག་འཛིན་བྱེད་དབང་མེད་མཁན་ཡིན་ན། ཁེ་དབང་བདག་པོས་མ་གཞིའི་དངོས་པོ་ཕྱིར་སློག་པའི་རེ་འདུན་བཏོན་ཆོག
(མུ་འགོད།)
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注