རྨ་ཆེན་རྫོང་གིས་མཚོ་སྔོན་གྱི་གེགས་མེད་གློག་བརྙན་ཐུང་གྲས་ཐོག་མ《སྤྱི་ལེ་ལྔ་བདུན》ཞེས་པ་བདེ་བླག་ངང་སྒྲིག་བཟོ་བྱས།

ཟླ3པའི་ཚེས19ཉིན། རྨ་ཆེན་རྫོང་གི་གློག་བརྙན་ཐུང་གྲས《སྤྱི་ལེ་ལྔ་བདུན》ཞེས་པའི་གེགས་མེད་གློག་བརྙན་གྱི་པར་དབང་སྤྲོད་པའི་མིང་འགོད་མཛད་སྒོ་པེ་ཅིན་དུ་བདེ་བླག་ངང་སྤེལ། ཀྲུང་གུང་རྨ་ཆེན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཀྲུང་གོ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་བཅས་ཀྱིས་ཀྲུང་གོ་ལོང་ཡིག་དཔེ་སྐྲུན་ཁང་གིས་སྒྲིག་བཟོ་བྱས་པའི་གེགས་མེད་གློག་བརྙན་གྱི་པར་གཞི་རིན་མེད་ངང་བླངས་པ་དང་། སྤྱི་ཕན་མཉམ་ལས་ཀྱི་དཔེ་སྟོན་སྣེ་ཁྲིད་མགོ་བརྩམས་ཤིང་། རིག་གནས་ཀྱིས་དབང་སྐྱོན་ལ་རོགས་རམ་བྱེད་པའི་ལག་ལེན་གྱི་ལམ་ཚད་གསར་པ་དེས། རྨ་ཆེན་རྫོང་གིས་དམིགས་བསལ་ཁྱུ་ཚོགས་ཀྱི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་གྱི་བགྲོད་ལམ་དུ་གོམ་པ་གསར་པ་སྤོས་ཡོད་པ་མཚོན་ཡོད།

ཐེངས་འདིའི་པར་དབང་སྤྲད་དེ་སྒྲིག་བཟོ་བྱས་པའི་གེགས་མེད་གློག་བརྙན་ཐུང་གྲས《སྤྱི་ལེ་ལྔ་བདུན》ཞེས་པ་དེ་རྨ་ཆེན་རྫོང་ཨུ་དང་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་། ཀྲུང་གོ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པ་དང་། ཀྲུང་གོ་གསར་འགྱུར་ཁང(པེ་ཅིན)རྒྱལ་སྤྱིའི་ཁྱབ་སྤེལ་སྡེ་ཚོགས་མཚོ་སྔོན་ཡན་ལག་ཀུང་སིས་འགན་སྒྲུབ་བྱས། གེགས་མེད་གློག་བརྙན་དེ་ཟུར་བཤད་འགྲེལ་བཤད་དང་ལག་བརྡ་ལོ་ཙཱ། དེ་མིན་ཡི་གེ་འཚམ་པར་སྒྲིག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། མ་གཞིའི་ནང་དོན་མ་འགྱུར་བའི་རྨང་གཞི་སྟེང་། དབང་སྐྱོན་གྱི་ཚོར་དབང་གི་ཚད་བཀག་བརྟོལ་བར་རོགས་རམ་དང་། “གེགས་མེད་གློག་བརྙན”ལ་ལྟ་ཐུབ་པ་མངོན་འགྱུར་བྱུང་སྟེ། རིག་གནས་གྲུབ་འབྲས་ཀྱི་ཁེ་དབང་འདྲ་མཉམ་གྱིས་ལོངས་སྤྱོད་བྱེད་པར་འགན་སྲུང་ནན་མོ་བྱས། མིང་རྟགས་འགོད་པའི་མཛད་སྒོ་མཇུག་རྫོགས་རྗེས།  སྐུ་མགྲོན་དང་ལོང་བ་ཡོངས་ཀྱིས་མཉམ་དུ་གློག་བརྙན་ཐུང་གྲས《སྤྱི་ལེ་ལྔ་བདུན》ཞེས་པར་རོལ་མྱོང་བྱས།

《སྤྱི་ལེ་ལྔ་བདུན》ཞེས་པའི་གེགས་མེད་གློག་བརྙན་སྒྲིག་བཟོ་བྱས་ཏེ་སྟོན་པའི་དམིགས་ཡུལ་ནི་དབང་སྐྱོན་གྱི་ཚོགས་ལ་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་རྒྱས་མངོན་པ་དང་། གྲོང་གསེབ་ཀྱི་དེང་རབས་དཔལ་ཡོན་གྱི་འཛུགས་སྐྲུན་བརྗོད་ཅིང་། དབང་སྐྱོན་གྱི་ཚོགས་ལ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མྱོང་དུ་བཅུག་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་ཆོད་སེམས་ཇེ་ཆེར་བཏང་། 《སྤྱི་ལེ་ལྔ་བདུན》ཞེས་པ་བདེ་བླག་ངང་སྒྲིག་བཟོ་བྱས་པ་དེ་ནི་མཚོ་སྔོན་གྱི་གེགས་མེད་གློག་བརྙན་ཐོག་མ་ཡིན་པ་དང་། རྒྱལ་ཡོངས་ཀྱི་དབང་སྐྱོན་གྲོགས་པོ་ཚོར་མཚོ་སྔོན་རྨ་ཆེན་གྱི་གཏམ་རྒྱུད་བརྒྱུད་སྒྲོག་བྱས་པ་དེས། རྒྱལ་ཁབ་སྤྱི་སྤྱོད་ལག་བརྡ་དང་རྒྱལ་ཁབ་སྤྱི་སྤྱོད་ལོང་ཡིག་མཐོ་སྒང་གི་ས་ཆེན་འདིར་ཁྱབ་གདལ་བཏང་ནས་གྲུབ་འབྲས་སྨིན་པ་མཚོན་ཡོད།   

རྨ་ཆེན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་སྐྱོན་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གཏིང་ཟབ་སྒོས་དོན་འཁྱོལ་དངོས་འབེབས་དང་། 《སྤྱི་ལེ་ལྔ་བདུན》ཞེས་པའི་གེགས་མེད་གློག་བརྙན་དེ་སྔར་བས་ཆེ་བའི་ཁྱབ་ཁོངས་སུ་ཁྱབ་སྤེལ་བྱེད་པར་སྐུལ་འདེད་བྱས་ཏེ། དམིགས་བསལ་གྱི་མི་ཚོགས་ལ་སྔར་ལས་མང་བའི་རིག་གནས་ཐུགས་ཁུར་མཁོ་སྤྲོད་དང“རིག་གནས་ཀྱིས་དབང་སྐྱོན་ལ་རོགས་རམ”བྱེད་པའི་སྤྱི་ཕན་འདུ་ཤེས་སྔར་བས་ཀྱང་ལག་ལེན་དུ་བསྟར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号