མཚོ་བྱང་ཁུལ་གྱིས་ཏ་ཐང་མཚོ་སྔོན་ནུས་རྒྱུ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་པེ་ཅིང་ཙི་ཐེན་ཧུང་སྡེ་ཚོགས་དང་མཉམ་དུ་ཕྱོགས་གསུམ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག ཤ་བོ་སྐྱབས་ཕེབས་ནས་གསུང་བཤད་གནང་།

ཟླ3པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་དུ་བསྐྱོད་ནས་ཚོང་འགུག་མ་འདྲེན་གྱི་བྱ་བ་སྤེལ་ལ། ལྗང་མདོག་རྩིས་ནུས་དང་ནུས་རྒྱུ་གསར་པ་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་ཏ་ཐང་མཚོ་སྔོན་ནུས་རྒྱུ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་པེ་ཅིང་ཙི་ཐེན་ཧུང་སྡེ་ཚོགས་དང་བཞུགས་མོལ་བརྗེ་རེས་གནང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་པེ་ཅིང་ཙི་ཐེན་ཧུང་སྡེ་ཚོགས་དང་ཏ་ཐང་མཚོ་སྔོན་ནུས་རྒྱུ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་དུ་ཕྱོགས་གསུམ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག

མཚོ་བྱང་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་པེ་ཅིང་ཙི་ཐེན་ཧུང་སྡེ་ཚོགས་ཀྱི་མངའ་འོག་ཏུ་གནས་པའི"ཕུལ་བྱུང་སྡེ་ཁུལ"ལ་རྟོག་ཞིབ་གནང་བ་དང་། ལས་གཞི་དེས་པེ་ཅིང་གི་གྲོང་ཁྱེར་ནང་གི་སྡེ་བ་འཛུགས་སྐྲུན་ཁྲོད་བསགས་པའི་སྡོད་ཁང་རིམ་སྤོར་སྒྱུར་བཀོད་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཕྱོགས་གསུམ་གྱི་བཞུགས་མོལ་ཁྲོད། ཤ་བོ་སྐྱབས་ཀྱིས"ལྗང་མདོག་མཚོ་བྱང་དང་། གསེར་མདོག་མཚོ་བྱང་། དངུལ་མདོག་མཚོ་བྱང་། གཡུ་མདོག་མཚོ་བྱང་། དམར་མདོག་མཚོ་བྱང་།"བཅས་སྲུང་ཚད་ལྔ་ཡི་སྟེང་ནས"དག་སྣང་མཚོ་བྱང་། མདོག་ལྔའི་གནས་མཆོག"གི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་ཁྱད་དུ་འཕགས་པའི་ས་བབ་ཀྱི་ཆ་རྐྱེན། སྟབས་བདེ་ཡིན་པའི་འགྲིམ་འགྲུལ་དྲ་བ་བཅས་དང་། དེ་བཞིན་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི་སྲིད་ཇུས་ཀྱི་ཁོར་ཡུག་ངོ་སྤྲོད་མདོར་བསྡུས་གནང་། ཁོས་བསྟན་དོན། མཚོ་བྱང་ནི་ཟི་ལིང་དང་ལམ་ཐག་ཆུ་ཚོད་གཅིག་གི་དཔལ་འབྱོར་ཁུལ་དུ་གནས་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་ཁྱབ་འགྱེད་ནུས་པ་བཟང་པོ་ལྡན་ཡོད་པས་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་དང་ཕུན་སུམ་ཚོགས་པའི་མཛེས་ལྗོངས་ཐོན་ཁུངས་ལ་བརྟེན་ནས་ལྗང་མདོག་རྩིས་ནུས་དང་ལྗང་མདོག་གློག་ཤུགས་ཐོན་ལས་བཀོད་སྒྲིག་བྱས་ཏེ་ཏ་ཐང་མཚོ་སྔོན་ནུས་རྒྱུ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་པེ་ཅིང་ཙི་ཐེན་ཧུང་སྡེ་ཚོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་བསྣན་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ། མཚོ་བྱང་ཁུལ་གྱི་ལྗང་མདོག་རིག་ནུས་རྩིས་ནུས་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར། ཁོས་བཤད་རྒྱུར། མཚོ་བྱང་གིས་ལས་གཞི་དོན་འཁྱོལ་དང་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་འགན་ལེན་ཡག་པོ་མཁོ་འདོན་བྱས་ཏེ་བརྗེ་རེས་གཏིང་ཟབ་བྱས་པ་བརྒྱུད་མཉམ་ལས་ཀྱི་བར་མཐོངས་གསར་པ་དེ་བས་ཆེ་བ་འཚོལ་ཞིབ་བྱས་ནས་ཕྱོགས་གསུམ་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་པེ་ཅིང་ཙི་ཐེན་ཧུང་སྡེ་ཚོགས་ཀྱིས་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་བྱང་མཚོ་སྔོན་པོ་དང་མདོ་ལ་རིང་མོའི"རྒྱལ་ཁབ་སྤྱི་གླིང་གཉིས"སོགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་གློག་བརྙན་འཕྲིན་དང་གྲངས་འཛིན་བཟོ་བའི་ཐད་མཉམ་ལས་གཏིང་ཟབ་བྱེད་པའི་རེ་བ་བཏོན་པ་དང་འབྲེལ་སྤྱི་གཉེར་ཁང་གཉིས་ཀྱིས་ལས་བྱེད་ལས་བཟོ་བ་རྩ་འཛུགས་བྱས་ཏེ་མཚོ་བྱང་དུ་གསར་བརྗེའི་ཉམས་ཞིབ་དང་སློབ་གསོ་གསོ་སྦྱོང་སྤེལ་བར་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས།

ཏ་ཐང་མཚོ་སྔོན་ནུས་རྒྱུ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་ཧན་ཧུང་ཀྲིག་གིས་བཞུགས་མོལ་གནང་སྐབས་ལྗང་མདོག་རྩིས་ནུས་དང་ནུས་རྒྱུ་གཙང་མ་ཟུང་འབྲེལ་བྱས་ཏེ་གཙོ་གནད་ཐོག་མཚོ་བྱང་གི་རླུང་ཤུགས་ཐོན་ཁུངས་གསར་སྤེལ་ལ་འཐབ་ཇུས་བཀོད་སྒྲིག་བྱས་ཏེ་སྒོར་དུང་ཕྱུར40ཡི་མ་དངུལ་བཏང་སྟེ800MWརིག་ནུས་རྩིས་ནུས་ལྟེ་གནས་མཉམ་འདྲེས་རླུང་ཤུགས་གློག་གཏོང་ལས་གཞི་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་ཟེར། པེ་ཅིང་ཙི་ཐེན་ཧུང་སྡེ་ཚོགས་ཀྱི་ལས་འཛིན་པ་རིན་ཧྲང་ཁུན་གྱིས་སྡེ་ཚོགས་དེའི་ཁོངས་གཏོགས་ཀྱི་ཐོན་ལས་ཁྱབ་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པར་མ་ཟད། མིའི་ཐབས་རིག་ནུས་ལ་མ་དངུལ་གཏོང་བ་དང་། XRཡོན་འཇིག་རྟེན་གྲངས་འཛིན་བཟོ་བ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བསྐྱར་སྐྱེས་ཐོན་ཁུངས་བཅས་ལས་སྒོ་ཆེན་པོ་གསུམ་ལ་རྒྱས་བཤད་ཞིབ་ཕྲ་བྱས་ཏེ་མཚོ་བྱང་དུ་སྒོར་དུང་ཕྱུར9ཡི་མ་དངུལ་བཏང་ནས4000pརིག་ནུས་རྩིས་ནུས་ལྟེ་གནས་འཛུགས་རྒྱུའི་བསམ་འདུན་དྲག་པོ་ཡོད་པར་བཤད།

མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་པདྨ་ཚེ་རིང་དང་། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་པེ་ཅིང་ཚོང་འགུག་ཆེད་དོན་འཛིན་གྲྭའི་འགན་འཁུར་བློ་མཐུན། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཐེངས་འདིའི་བྱེད་སྒོར་ཞུགས།     

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号