མདའ་བཞི་རྫོང་གིས་སློབ་གསོའི་ལས་དོན་ཚོགས་ཆེན་བསྡུས་པ།

ཟླ3ཚེས24ཉིན། མདའ་བཞི་རྫོང་གིས་སློབ་གསོའི་ལས་དོན་ཚོགས་ཆེན་བསྡུས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་དགོངས་དོན་དང་། ཞི་ཅིན་ཕིང་གི་སློབ་གསོའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་དང་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། མིག་སྔའི་སློབ་གསོ་འཕེལ་རྒྱས་ཁྲོད་གནས་པའི་དཀའ་གནད་དང་འགག་གནད་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། སློབ་གསོའི་བཅོས་སྒྱུར་གཏིང་ཟབ་གཏོང་བའི་ཐབས་ཇུས་དང་བྱེད་ཐབས་གོ་རིམ་ལྡན་པའི་སྒོ་ནས་འཆར་འགོད་བྱས། སྔར་ལས་ལྷག་པའི་སྒོ་ནས་རྫོང་ཡོངས་ཀྱི་གོང་འོག་གི་བསམ་བློ་གཅིག་གྱུར་དང་སྙིང་སྟོབས་ལ་སྐུལ་སློང་བྱས་ཏེ། སློབ་གསོ་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་པར་གཞོལ་ཡོད།

མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སྟག་ལྷ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཞིང་།  རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཝང་ལེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། རྫོང་རིམ་པའི་མགོ་ཁྲིད་ཁག་དང་རྫོང་ཨུའི་སློབ་གསོའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། སློབ་གྲྭ་འབྲིང་ཆུང་ཁག་གི་དགེ་རྒན་འཐུས་མི། རྫོང་སློབ་གསོ་ཅུའི་ལས་བྱེད་པ་དང་ལས་བཟོ་ཡོངས་ཚོགས་འདུར་ཞུགས་ཡོད། ད་དུང་མཚོ་བྱང་ཁུལ་སློབ་གསོ་ཅུའི་ཏང་ཙུའུ་ཧྲུའུ་ཅིའམ་ཅུ་ཀྲང་འཇམ་དབྱངས་སྟོབས་ལྡན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་།

ཚོགས་འདུའི་ཐོག་སློབ་གསོ་ནི་རྒྱལ་ཁབ་ཀྱི་རྩ་བ་དང་འཕེལ་རྒྱས་ཀྱི་གཙོ་གནད། དམངས་འཚོའི་རྨང་གཞི་བཅས་ཡིན། ཉེ་བའི་ལོ་འགའི་རིང་ལ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་ནས་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། སློབ་གསོའི་ཁྱབ་ཁོངས་ཀྱི་དཀའ་གནད་སེལ་བ་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ལྟེ་བའི་ལས་འགན་དུ་བརྩིས་ཏེ།“སྤུས་ཚད་ལ་བརྟེན་ནས་སློབ་གསོ་འཛུགས་པའི”འདུ་ཤེས་བརྟན་པོ་བཙུགས་ནས། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སློབ་མའི་སྤུས་ཚད་ལེགས་སུ་གཏོང་བ། སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད་པ་ནན་གྱིས་བསྟན་ཡོད།

ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་སློབ་གསོའི་ལས་དོན་གྱི་འགན་འཁྲི་ཆེ་རུ་གཏོང་དགོས་པ་དང་། ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ཤེས་རྟོགས་ཟབ་མོ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུའི་བྱ་བའི་བླང་བྱ། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ།  སློབ་གསོ་ལེགས་པའི་རྫོང་མགྱོགས་མྱུར་གྱིས་སྐྲུན་དགོས། ད་ལྟའི་གནས་ཚུལ་ལ་མཐོང་ཆེན་དང་སློབ་གསོ་འཕེལ་རྒྱས་གཏོང་བའི་གནད་དོན་ལ་ཐད་ཀར་གདོང་གཏོད་དགོས། སྟོབས་ཤུགས་གཅིག་བསྡུས་ཀྱིས་མིག་སྔའི་སློབ་གསོ་དང་སློབ་ཁྲིད་ཁྲོད་གནས་པའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་བློ་བརྟན་འགྱུར་མེད་ཀྱིས་མི་གསོ་སྐྱོང་བྱེད་པ་དང་། མདའ་བཞིའི་གསར་བརྗེ་ཐོན་ཁུངས་ཀྱི་སྐྱེས་སྟོབས་བེད་སྤྱོད་ཡག་པོ་བྱེད་པ། གསར་བརྗེ་སློབ་གསོར་སྐུལ་འདེད་བྱེད་པ། སློབ་གྲྭ་ཆུང་འབྲིང་གི་ཀུན་སྤྱོད་དང་རིག་གནས། མཛེས་རྩལ། ངལ་རྩོལ་སོགས་ཕྱོགས་ཡོངས་ཀྱི་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། སློབ་གསོའི་ལྟ་སྐུལ་སྒྲིག་སྲོལ་དང་རྐྱེན་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སློབ་ཁྲིད་དོ་དམ་ལ་ཤུགས་སྣོན་རྒྱག་པ། འོས་འགན་སློབ་གསོའི་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དགེ་རྒན་གྱི་ཐོན་ཁུངས་ཕྱོགས་ནས་དགེ་རྒན་གསོ་སྐྱོང་གསོ་སྦྱོང་མ་ལག་བཙུགས་ནས་དགེ་རྒན་དཔུང་ཁག་གི་གསོན་ཤུགས་ལ་སྐུལ་སྤེལ་གཏོང་དགོས། སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་རྫོང་ཡོངས་ཀྱི་འཆར་འགོད་ནང་དུ་བཞག་ནས་མི་དམངས་མང་ཚོགས་ཀྱི“སློབ་སྦྱོང་ཡག་པོ་བྱེད་པའི”རེ་སྒུག་དེ་བས་ལེགས་པར་སྐོང་ཐུབ་པ་བྱེད་དགོས། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གསོ་འཕེལ་རྒྱས་ཡོང་བར་འགན་སྲུང་བྱ་དགོས། སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་སློབ་གསོའི་མ་དངུལ་གཏོང་བའི་གྲུབ་ཆ་ལེགས་སུ་གཏོང་བ། སྔོན་རྩིས་མ་དངུལ་གྲངས་འབོར་འདང་ངེས་བཀོད་སྒྲིག་བྱས་ཏེ་སློབ་གསོའི་དམངས་འཚོ་རྒྱུན་མཐུད་འགན་སྲུང་བྱེད་པ་དང་སློབ་ཁྲིད་ཀྱི་དགོས་མཁོ་སྐོང་བ། སློབ་གསོའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོ་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་དགེ་རྒན་ལ་གཅེས་སྐྱོང་བྱས་ནས་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་དགོས། དགེ་རྒན་གྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས། ཕྱོགས་ཡོངས་ནས་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁམས་གསོ་དང་ལུས་བཤེར་སོགས་གཅེས་སྐྱོང་བྱེད་ཐབས་དོན་འཁྱོལ་བྱས་ཏེ་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་བྱ་དགོས་པ་ནན་བཤད་བྱས།

ཚོགས་འདུའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་ལས་འགན་དམ་འཛིན་བྱེད་པ་དང་།“སློབ་གསོ་དམ་འཛིན་བྱ་རྒྱུ་ནི་འཕེལ་རྒྱས་དམ་འཛིན་དང་དམངས་འཚོ་དམ་འཛིན། འབྱུང་འགྱུར་དམ་འཛིན”བཅས་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས་པ་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་མེད་པར་མཐའ་འཁྱོངས་བྱས་ཏེ། སློབ་གསོའི་མ་དངུལ་མུ་མཐུད་དུ་མང་དུ་གཏོང་བ་དང་ལེགས་ཆ་དར་སྤེལ་གཏོང་བ། ཞན་ཆ་གསབ་པ། སྤུས་ཚད་མཐོ་རུ་གཏོང་བ། སློབ་གསོའི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། རྫོང་ཡོངས་ཀྱི་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པའི་རྨང་གཞི་གལ་ཆེན་འདི་སྲ་བརྟན་དུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཀུན་སྤྱོད་འཛུགས་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། དུས་རབས་གསར་པའི་སློབ་གསོ་དང་སློབ་ཁྲིད་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། སློབ་མའི་ལུས་སེམས་བདེ་ཐང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྔོན་ཐོན་གྱི་ཉམས་མྱོང་དང་སློབ་སྦྱོང་བྱེད་སྟངས་དཔྱད་གཞིར་བཟུང་ནས་སློབ་གསོའི་འདུ་ཤེས་དང་སློབ་གསོའི་རྣམ་པ། སློབ་གསོའི་བྱེད་ཐབས་བཅས་གསར་གཏོད་འཚོལ་ཞིབ་བྱས་ཏེ། བྱང་ཚད་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སློབ་གྲྭའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ལ་འབད་བརྩོན་བྱས་ནས། མདའ་བཞིའི་སློབ་གསོ་དེ་ཆུ་ཚད་སྔར་ལས་མཐོ་བ་དང་ཁྱད་ཆོས་སྔར་ལས་ཆེ་བ། སྤུས་རྟགས་སྔར་ལས་སྟོབས་ལྡན་བཅས་ཡོང་བར་འབད་བརྩོན་བྱ་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ད་དུང་རྫོང་སློབ་གསོ་ཅུའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་རྫོང་ཨུ་དང་རྫོང་སྲིད་གཞུང་གི《སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་དེའི་ཡིག་ཆར་གསལ་འགྲེལ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号